འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཀུའེ་ཐི་མ་ལ་རྒྱལ་ཁབ་ཀྱི་བྱིས་པ་གསོ་ཉར་ལྟེ་གནས་ཤིག་ཏུ་མེ་སྐྱོན་བྱུང་བ་ལས་ཉུང་མཐར་
    ཡང་མི་19གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 16:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཀུའེ་ཐི་མ་ལ་རྒྱལ་ཁབ་ཀྱི་བྱིས་པ་གསོ་ཉར་ལྟེ་གནས་ཤིག་ཏུ་མེ་སྐྱོན་བྱུང་བ་ལས་ཉུང་མཐར་
ཡང་མི་19གྲོངས་པ།
          མི་དམངས་དྲ་བའི་འཕྲིན། ཀུའེ་ཐི་མ་ལ་གྲོང་ཁྱེར་ནས་སྤེལ་བའི་གནས་འཕྲིན་ལྟར་ན། ཟླ་3ཚེས་8ཉིན་གྱི་ཞོགས་པར་ཀུའེ་ཐི་མ་ལ་རྒྱལ་ཁབ་ཀྱི་བྱིས་པ་གསོ་ཉར་ལྟེ་གནས་ཤིག་ཏུ་མེ་སྐྱོན་བྱུང་བ་ལས་མི་19གྲོངས་པ་དང་མི་25ལ་རྨས་སྐྱོན་ཕོག་པ་རེད།
         ཀུའེ་ཐི་མ་ལའི་སྨྱན་སྦྱོར་ལས་ཁུངས་ཀྱིས་སྤེལ་བའི་གནས་འཕྲིན་ལ་གཞིགས་ན། མེ་སྐྱོན་བྱུང་བའི་བྱིས་པ་གསོ་ཉར་ལྟེ་གནས་ཀྱི་མིང་ལ་“ཡཱ་སུང་སེན་འཕགས་མའི་ཁྱིམ་གཞིས་”ཞེས་ཟེར་ཞིང་། རྒྱལ་ས་ཀུའེ་ཐི་མ་ལ་གྲོང་ཁྱེར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་25ཡོད་སའི་ཧྲེན་ཧོ་སའེ་ཕི་ནུ་ལཱ་ཞེས་པར་གནས་ཡོད་པ་རེད། བྱིས་པ་གསོ་ཉར་ལྟེ་གནས་འདི་ཡིས་གཙོ་བོར་གནོད་འཚེ་ཕོག་མྱོང་བ་དང་། ཡང་ན་ལྐོག་འཚོང་བྱས་པ། ཡང་ན་བསྐྱུར་བ། དེ་བཞིན་བཟའ་ཚང་མི་མཐུན་པའི་ཁྱིམ་ཚང་སོགས་ཀྱི་བྱིས་པ་གསོ་ཉར་བྱེད་ཀྱི་ཡོད་པ་དང་། བྱིས་པ་དེ་དག་ལྟེ་གནས་འདིར་ལོ་18ལ་སོན་པའི་བར་དུ་འཚོ་གནས་བྱས་ཆོག་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། ཟླ་3ཚེས་7ཉིན་གྱི་དགོང་མོར་བྱིས་པ་གསོ་ཉར་ལྟེ་གནས་སུ་"ཟིང་འཁྲུག་"བྱུང་ནས་ཧ་ལམ་བྱིས་པ་60གསོ་ཉར་ལྟེ་གནས་ནས་བྲོས་པ་རེད། བྲོས་པའི་བྱིས་པ་དེ་ཚོ་གསོ་ཉར་ལྟེ་གནས་སུ་མུ་མཐུད་སྡོད་འདོད་མེད་ཅིང་། ལྟ་སྐྱོང་བྱེད་མིས་མནར་གཅོད་བྱེད་པ་དང་བཟའ་ཆས་ཡག་པོ་མེད་པ་བཅས་ཀྱི་འཁང་ར་བྱེད་ཀྱི་ཡོད་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། བྱིས་པ་ཁ་ཤས་ཀྱིས་ནམ་རྒྱུན་བཀོལ་སྤྱོད་བྱེད་པའི་ཉལ་གདན་མེར་བསྲེགས་པས། མེ་འབར་ཚུལ་ཇེ་ཆེར་སོང་ནས་མེ་སྐྱོན་ལས་ཐར་ཐབས་བྱེད་མི་ཐུབ་པའི་བྱིས་པ་ཁ་ཤས་རྐྱེན་ལམ་དུ་ཤོར་བ་རེད། མེ་སྐྱོན་ལས་ཉུང་མཐར་ཡང་མི་19གྲོངས་པ་དང་། མི་25ལ་རྨས་སྐྱོན་ཕོག་པ་རེད།
         རྒྱུས་ལོན་བྱུང་གསལ། བྱིས་པ་གསོ་ཉར་ལྟེ་གནས་འདིར་ཧ་ལམ་བྱིས་པ་540ཡོད་མོད། འོན་ཀྱང་དོན་དངོས་ཐོག་གསོ་ཉར་ལྟ་གནས་དེའི་གསོ་ཉར་བྱེད་ནུས་མི་400ལས་མེད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།