འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།“‘རང་བཙན་ལ་ངོ་རྒོལ’བྱེད་ཤུགས་ཆེ་རུ་གཏོང་དགོས”

    —— ཐའེ་དབན་གླེང་ཕྱོགས་ཀྱིས་སྲིད་གཞུང་གི་ལས་དོན་སྙན་ སྒྲོན་གྱི་ཐའེ་དབན་དང་འབྲེལ་བ་ཡོད་པའི་ནང་དོན་ལ་དོ་ཁུར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 15:06】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་ཐའེ་དབན་གླེང་ཕྱོགས་ཀྱི་ཚད་མཐོའི་དོ་ཁུར་བྱེད་ཅིང་། སྨྱན་སྦྱོར་ཚན་པ་མང་པོ་ཞིག་གིས་འདི་ལོའི་སྙན་སྒྲོན་གྱི་ཐའེ་དབན་དང་འབྲེལ་བ་ཡོད་པའི་ནང་དོན་ལ་སྤྱད་པའི་ཐ་སྙད་དྲག་པོ་མང་པོ་ཞིག་ཡོད་པ་དང་། མིག་སྔའི་ངོགས་གཉིས་ཀྱི་འབྲེལ་བ་རྙོག་འཛིང་ཆེན་པོ་ཡོད་པ། སྐམ་ས་ཆེན་པོས་ཐའེ་དབན་ལ“རང་བཙན་ལ་ངོ་རྒོལ”བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བཞིན་ཡོད་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།
           ཚེས་6ཉིན་པར་སྐྲུན་བྱས་པའི་ཐའེ་དབན་《མཉམ་འབྲེལ་ཚགས་པར་》དུ“‘རང་བཙན་ལ་ངོ་རྒོལ’བྱེད་ཤུགས་ཆེ་རུ་བཏང་ནས་ཞི་བདེ་གཅིག་གྱུར་གྱི་འཕེལ་རིམ་ལ་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་དགོས”ཞེས་པའི་ཆོད་འབྲེལ་ཁ་བྱང་བཀོད་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ཐའེ་དབན་དང་འབྲེལ་བ་ཡོད་པའི་ནང་དོན་སྤེལ་ཡོད། སྐམ་ས་ཆེན་པོས་ཐའེ་དབན་ལ“རང་བཙན་ལ་ངོ་རྒོལ”བྱེད་པའི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས“རང་བཙན་ལ་ངོ་རྒོལ”བྱེད་ལུགས་གསལ་པོར་མངོན་པ་བྱས་པ་དེ་སྐམ་ས་ཆེན་པོས་ཐའེ་དབན་ལ་ལས་དོན་སྤེལ་བའི་ཤུགས་རྒྱག་ས་ཞིག་ཏུ་གྱུར་པའི་ངོས་འཛིན་བྱས་ཡོད།
          《ཀྲུང་གོའི་སྐབས་དོན་ཚགས་པར་》དུ་ཚེས་6ཉིན་གནས་ཚུལ་སྤེལ་བར། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་ནང་དོན་དེ“རང་བཙན་ལ་ངོ་རྒོལ་བྱས་ནས་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི”དགོངས་གཞིར་གཙོ་གནད་དམིགས་ནས། “མི་སུ་འདྲ་ཞིག་གིས་རྣམ་པ་གང་རུང་དང་མིང་གང་རུང་གིས་ཐའེ་དབན་མེས་རྒྱལ་ནས་ཁ་བྲལ་དུ་གཏན་ནས་གཏོང་མི་རུང”ཞེས་ནན་བཤད་བྱས་ཡོད། “གང་རུང་གསུམ”ཞེས་པ་དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ་བཀོད་ཐེངས་དང་པོ་རེད། དེ་ལས་འདི་ལོ་སྐམ་ས་ཆེན་པོས་རིག་གནས་དང་རིམ་བགྲོད་སོགས་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”ལ་གཙོ་གནད་དུ་རྡུང་རྡེག་གཏོང་རྒྱུ་ཡིན་ལུགས་མཚོན་ཡོད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།