འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ"ས་ཁོངས་ཧྲིལ་པོའི་ཡུལ་སྐོར"ཐོག་མར་བཏོན་པ་ལས་
    གང་ཞིག་མཚོན་ནམ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་09ཉིན། 15:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ“ཡུལ་སྐོར་སྒྲིག་བཀོད་དང་ཞབས་ཞུ་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་གསེབ་དང་། སྤྲོ་གསེང་། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་བཅས་འཕེལ་རྒྱས་ཤུགས་ཆེན་གཏོང་དགོས་པ”ཁ་གསལ་བཏོན་ཡོད། དེ་ནི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དུ“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”འདོན་ཐེངས་དང་པོ་ཡིན་པ་རེད།
          རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཙའོ་ཡིས་རང་རྒྱལ་གྱི་ཡུལ་སྐོར“མཛེས་ལྗོངས་ཡུལ་སྐོར”ནས“ས་ཁོངས་ཧྲིལ་པོའི་ཡུལ་སྐོར”ལ་སྒྱུར་བཞིན་ཡོད། རང་རྒྱལ་གྱི་ཡུལ་སྐོར་འཕེལ་རྒྱས་ཀྱི་ཐོག་མའི་དུས་མཚམས་སུ་གཙོ་བོ་མཛེས་ལྗོངས་ཁུལ་དང་། ཟ་ཁང་། མགྲོན་ཁང་བཅས་སྐྲུན་གྱི་ཡོད། དེས་ན་ད་ཆ་ཡུལ་སྐོར་ལས་རིགས་དམངས་ཡོངས་ཡུལ་སྐོར་དང་། མི་སྒེར་ཡུལ་སྐོར། སྒོར་འཁོར་ཡུལ་སྐོར་བཅས་གཙོ་བོར་བྱེད་པའི་དུས་མཚམས་གསར་པར་སླེབས་པ་དང་སྲོལ་རྒྱུན་གྱི་མཛེས་ལྗོངས་ཡུལ་སྐོར་རྣམ་པས་དེང་རབས་ཀྱི་ཡུལ་སྐོར་ཆེན་པོ་འཕེལ་རྒྱས་འགྲོ་བའི་དགོས་མཁོ་སྐོང་ཐུབ་ཀྱི་མེད་ཅེས་བཤད།
          རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་མཛེས་སྡུག་མ་རྐང་ཚོད་འཛིན་ཚོགས་པའི་ལས་འཛིན་ཅུས་ཀྱི་ཀྲུའུ་ཞི་ཀོན་ཧྥེ་ཡིས་སྲིད་གཞུང་ལས་དོན་སྙན་སྒྲོན་དུ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ཐོག་མར་བཏོན་པ་དེ་ནི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཁ་ཕྱོགས་ལ་ཁྲིད་སྟོན་གལ་ཆེན་བྱས་པ་ཞིག་རེད། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་མིག་སྔའི་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཕྱོགས་དང་མཐུན་ཡོད། ཉེ་བའི་ལོ་ཤས་རིང་ཡུལ་སྐོར་ལས་རིགས་མཛེས་ལྗོངས་ཡུལ་སྐོར་ནས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལ་སྒྱུར་བཞིན་ཡོད་པ་དང་། ཡུལ་སྐོར་སྲོལ་རྒྱུན་ཡུལ་སྐོར་ནས“སྐོར་སྐྱོད”བར་དང་དེ་ནས“སྐོར་སྡོད”བར་འཕེལ་རྒྱས་འགྲོ་རྒྱུ་དང་འཕེལ་ཕྱོགས་དེ་མངོན་གསལ་ཇེ་དོད་དུ་འགྲོ་རྒྱུ་ཡིན་པའི་ངོས་འཛིན་བྱེད།
         2016ལོར་རྒྱལ་ཡོངས་ཀྱི་ཡུལ་སྐོར་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་ཁྲི་4.69ཟིན་པ་དེ་དུས་མཚུངས་ལས་13.6%འཕར་བ་དང་ཡུལ་སྐོར་བྱེད་མཁན་མི་ཐེངས་དུང་ཕྱུར་44ལྷག་ཙམ་ཡོད། མཉམ་འབྲེལ་རྒྱལ་ཚོགས་འཛམ་གླིང་ཡུལ་སྐོར་རྩ་འཛུགས་ཀྱིས་ཚད་ལེན་ཞིབ་རྩིས་བརྒྱབ་པར་གཞིགས་ན། 2016ལོར་རང་རྒྱལ་གྱི་ཡུལ་སྐོར་ལས་རིགས་ཀྱིས་རྒྱལ་དམངས་དཔལ་འབྱོར་ལ་ཕྱོགས་བསྡུས་ལེགས་སྐྱེས་འབུལ་ཚད་11%ཟིན་པ་དང་སྤྱི་ཚོགས་ལས་ཞུགས་ལ་ཕྱོགས་བསྡུས་ལེགས་སྐྱེས་འབུལ་ཚད་10.26%ཟིན་ཡོད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཁྲེང་ཏུའུ་གྲོང་ཁྱེར་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་རྡོར་དབྱངས་ལྷ་མོས་རྒྱལ་དམངས་དཔལ་འབྱོར་ཀྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་ཡིན་པའི་རང་རྒྱལ་གྱི་ཡུལ་སྐོར་ཐོན་ལས་ཀྱི་གནས་བབ་གཞི་རྩའི་ཐོག་ཆགས་ནས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྟོབས་ཤུགས་གལ་ཆེན་དུ་གྱུར་པ་དང་འབྲེལ་མི་འབོར་དབུལ་པོ་འབོར་ཆེན་ཞིག་དབུལ་སྒྲོལ་ཐུབ་རྒྱུར་སྐུལ་ཁྲིད་བྱས་པ་དང“སྔོ་ཞིང་དྭངས་པའི་རི་ཆུ”“གསེར་རི་དངུལ་རིར”འགྱུར་བཞིན་ཡོད་ཅེས་བཤད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།