འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲེང་ཏུའུ་རུ“ལེ་ཧྥུང་ལ་གུས་འདུད་ཞུ”ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན་ཁྲེང་ཏུའུ་རུ“2017ལོར་ལེ་ཧྥུང་ལ་གུས་འདུད་ཞུ—ང་ཁྲེང་ཏུའུ་ལ་དགའ། ངས་ཁྲེང་ཏུའུ་ལ་1℃བསྣན་རྒྱུ་ཡིན”ཞེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་ཆེ་གྲས་སྤེལ་ཞིང་། ད་ཐེངས་ཀྱི་བྱེད་སྒོ་དེ་ཁྲེང་ཏུའུ་གྲོང་ཨུད་དྲིལ་བསྒྲགས་པུའུ་དང་། ཁྲེང་ཏུའུ་གྲོང་ཁྱེར་བསམ་པའི་དཔལ་ཡོན་སྲོལ་གཏོད་གཞུང་དོན་ཁང་། ཁྲེང་ཏུའུ་སྨྱན་སྦྱོར་ཚོགས་པ་བཅས་ཀྱིས་མཛུབ་ཁྲིད་དང་ཁྲེང་ཏུའུ་དགོང་དྲོའི་ཚགས་པར་དང“ཤེས་དཔལ་ལ་སྣང་ཆེན་དང་སྲོལ་བཟང་གཏོད་པའི”ཁྲེང་ཏུའུ་ཤེས་དཔལ་སྲོལ་གཏོད་སྨྱན་སྦྱོར་ཀུན་འདུས་ལས་སྟེགས་ཀྱིས་གཙོ་གཉེར་བྱས་པ་ཞིག་རེད།
            ཁྲེང་ཧྭ་སློབ་ཆུང་གི་བྱེད་སྒོ་སྤེལ་ཡུལ་དུ་2016ལོའི་ཀྲུང་གོར་སེམས་འགུལ་ཐེབས་པའི་མི་སྣ་དང་། སྐབས་བཞི་པའི་ཁྲེང་ཏུའུ་གྲོང་ཁྱེར་གྱི་ཀུན་སྤྱོད་མིག་དཔེ། ཁྲེང་ཏུའུ་གྲོང་ཁྱེར་མི་དམངས་སྨན་ཁང་གསུམ་པའི་རུས་ནད་སྡེ་ཁག་གི་ཀྲུའུ་རེན་བཅས་ཡིན་པའི་ལེའང་དབྱི་ཅན་གྱིས་སྨན་བཅོས་སྲོག་སྐྱོབ་ཀྱི་སྨན་པ་བཟང་པོ་ཞིག་བྱེད་རྒྱུའི་སེམས་ཐག་བཅད་པ་ནས་དཀའ་ངལ་ཡོད་པའི་ནད་པར་སྨན་བཅོས་བྱས་པ་སོགས་མི་སེམས་འགུལ་བའི་གཏམ་རྒྱུད་ལས་ཚང་མར་རང་ཉིད་ཀྱི་ཉེ་འགྲམ་ནས་བྱ་བཟང་བསྒྲུབ་རྒྱུ་དང་ལེ་ཧྥུང་གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་ལྕག་སྐུལ་བྱས་པ་རེད།
            བྱེད་སྒོ་སྤེལ་ཡུལ་དུ་ལོ་66ལ་སླེབས་པའི་ལེ་ཧྥུང་འཛིན་གྲྭའི”པན་ཀྲང་ཙེང་ཧྲུའུ་ལིན་དང་། སྐབས་དང་པོའི་རྒྱལ་ཡོངས་ཤེས་དཔལ་ལྡན་པའི་ཁྱིམ་ཚང་གི་ཁོངས་མི་ལི་ཐིང་ཧྭ། ཁྲེང་ཏུའུ་གྲོང་ཁྱེར་གྱི་སྤྱོད་བཟང་གཞོན་ནུ་ལོ་ཆུང་ཝུའུ་དབྱི་མན་སོགས“ལེ་ཧྥུང་ལ་སློབ་སྦྱོང་བྱེད་པའི”དང་བླངས་པའི་འཐུས་མི་རྣམས་ཀྱིས་སྡིངས་ཆའི་ཐོག་ཁོང་ཚོའི་སེམས་ནང་གི“ལེ་ཧྥུང་གི་སྙིང་སྟོབས”གླེང་བ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།