འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་ཐོག་མཐའ་
    བར་གསུམ་དུ་གཞི་རིམ་གྱི་ཚབ་ཏུ་གཏམ་བཤད་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 13:39】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། སྐལ་བཟང་སྒྲོལ་དཀར་ནི་གདོང་ལ་ག་དུས་ཡིན་ནའང་གཞུང་དྲང་བབ་ཆགས་ཤིང་གཤིས་འཇམ་གྱི་འཛུམ་མདངས་རྒྱས་ཏེ་མི་རྣམས་ལ་བྱམས་བརྩེ་ལྡན་པའི་ཚོར་སྣང་སྐྱེ་རུ་བཅུག་པ་ཞིག་ཡིན་ཞིང་། གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་ཁོང་མོས་"ང་ནི་གཞི་རིམ་གྱི་གཞུང་ལས་པ་དཀྱུས་མ་ཞིག་ཡིན་ཞིང་། མི་དམངས་ཚོགས་ཁང་ཆེ་མོར་འགྲོ་ཐུབ་པ་དང་། མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་བྱེད་ཐུབ་པ་དེ་ནི་ངས་རྨི་ལམ་དུའང་རྨི་མ་མྱོང་བ་ཞིག་ཡིན"ཞེས་བརྗོད་པ་རེད།
         རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་གི་ངོས་ནས་སྐལ་བཟང་སྒྲོལ་དཀར་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ལ་ཐེངས་བཅུ་ཞུགས་པ་རེད། ཁོང་མོས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་ལོ་ལྟར་རེ་བཞིན་བོད་ལྗོངས་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་བྱས་ཏེ་པེ་ཅིང་དུ་ཚོགས་འདུར་ཞུགས་པར་ཡོང་དུས་ཀྲུང་དབྱང་གི་དབུ་ཁྲིད་ཚོས་བོད་ལྗོངས་ཀྱིས་བཏོན་པའི་གྲོས་འགོ་དང་བསམ་འཆར་ལ་རྩིས་མཐོང་ཧ་ཅང་ཆེན་པོ་གནང་གི་ཡོད་པས། ལོ་ལྟར་རེ་བཞིན་གྲུབ་འབྲས་གསར་པ་ཐོབ་པ་དང་ཚོར་སྣང་ཡང་མི་འདྲ་བ་སྐྱེས་ཡོད་ཅེས་བཤད་པ་རེད།
         སྐལ་བཟང་སྒྲོལ་དཀར་གྱིས་ལྷག་བསམ་རྣམ་དག་གི་སྒོ་ནས"གཞི་རིམ་གྱི་འཐུས་མི་ཞིག་ཡིན་པའི་ཆ་ནས་ངས་རྒྱལ་ཁབ་ཀྱིས་བཙུགས་གནང་བའི་ཞིང་པའི་མཉམ་ལས་སྨན་བཅོས་དང་གྲོང་ཁྱེར་གྱི་མཉམ་ལས་སྨན་བཅོས་འགན་སྲུང་དང་། དེ་བཞིན་སྨན་རིན་རྩིས་ཞུའི་གྲངས་བཅད་ལོ་རེ་བཞིན་མང་དུ་གཏོང་བ་སོགས་ཀྱི་གནས་ཚུལ་དངོས་སྙན་སེང་ཞུ་དགོས་སྙམ་གྱི་ཡོད་པ་དང་། ཡིན་ནའང་དེ་དང་དུས་མཚུངས་སུ་དུས་ཧ་ཅང་མང་པོ་ཞིག་ལ་མང་ཚོགས་ལ་ནད་གཞི་དྲག་པོ་ཕོག་ནས་སྨན་ཁང་ཆེ་གྲས་སུ་སྨན་བཅོས་བྱེད་སྐབས་སྨན་ཡོན་དུས་ཐོག་ཏུ་སྤྲོད་མི་ཐུབ་པའི་གནས་ཚུལ་མང་བས། ངས་གྲོང་གསེབ་ཀྱི་མཉམ་ལས་སྨན་བཅོས་དེ་གྲོང་ཁྱེར་གྱི་སྨན་བཅོས་འགན་སྲུང་དུ་འཇུག་རྒྱུའི་གྲོས་འགོའང་འདོན་རྒྱུ་ཡིན"ཞེས་བརྗོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།