འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོད་ལྟའི་ས་ཁུལ་གྱི་སློབ་ཕྲུག་གི་གཟུགས་ཚད་དང་ལྗིད་ཚད་མངོན་གསལ་དོད་པོས་འཕར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་2ཉིན་གསར་འགོད་པར་སློབ་གསོ་པུའུ་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རྒྱལ་ཡོངས་ཀྱི་ཞིང་ཆེན་(པེ་ཅིང་དང་། ཐེན་ཅིན། ཧྲན་ཏུང་བཅས་ཀྱིས་སློབ་མའི་ལྟོ་ཆས་མཁོ་འདོན་རྣམ་གྲངས་ལོགས་སུ་ལག་བསྟར་བྱས་པ)ཉེར་དགུའི་རྫོང་1590ཡིས་སློབ་གྲྭ་ཁྲི་13.4ལ་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་ནས་སློབ་ཕྲུག་ཁྲི་3600ལྷག་ཙམ་ལ་ཕན་པ་ཐོབ་ཡོད་པ་རེད། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱིས་ལོ་བཞི་བསྟུད་མར་(2012—2015)རྗེས་འདེད་ལྟ་ཞིབ་ཚད་ལེན་བྱས་པ་ལྟར་ན། འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་པ་བརྒྱུད་ཚོད་ལྟའི་ས་ཁུལ་གྱི་སློབ་མའི་ཆ་སྙོམས་གཟུགས་ཚད་དང་ལྗིད་ཚད་མངོན་གསལ་དོད་པོས་འཕར་ནས་རྒྱལ་ཡོངས་གྲོང་གསེབ་སློབ་མའི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོད་པ་དང་། 2015ལོར། ན་རིམ་ཁག་གི་སློབ་ཕྲུག་བུ་དང་བུ་མོའི་ཆ་སྙོམས་གཟུགས་ཚད་2012ལོ་ལས་1.2cmདང་1.4cmདང་། ཆ་སྙོམས་ལྗིད་ཚད་0.7kgདང་སོ་སོར་0.8kgསོ་སོར་འཕར་བ། ཟུངས་ཁྲག་ཉམས་ཚད་2012ལོའི་17%ནས་2015ལོའི་7.8%བར་ཆག་ནས་འཚོ་བཅུད་མི་འདང་བའི་གནད་དོན་ཞི་ལྷོད་དུ་ཕྱིན་ཏེ། སློབ་མའི་སློབ་སྦྱོང་ནུས་པ་ཆེ་རུ་དང་སློབ་ཁྲིད་ལ་ཆད་ཚད་དམའ་རུ་མངོན་གསལ་དོད་པོ་ཕྱིན་ཡོད་པ་རེད།
          2011ལོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། སློབ་གསོ་པུས་ནོར་སྲིད་པུའུ་སོགས་སྡེ་ཚན་15དང་མཉམ་དུ་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་སློབ་མའི་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱེད་འགོ་བཙུགས་ཤིང་། ལོ་5རིང་། འཚོ་བཅུད་ལེགས་གཏོང་འཆར་གཞི་ཚོད་ལྟའི་ས་ཁུལ་གྱི་གྲོང་གསེབ་སློབ་མ་སློབ་གྲྭར་སྐྱོད་སྐབས་ལྟོགས་པ་དང་ལྟོ་ཆས་གྲང་མོ་ཟ་བ་སོགས་ཀྱི་སྣང་ཚུལ་གཞི་རྩའི་ཆ་ནས་མེད་པ་བཟོས་ཏེ། སློབ་མའི་འཚོ་བཅུད་བདེ་ཐང་གནས་ཚུལ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ནས་གཟུགས་གཞི་ཐང་དུ་ཕྱིན་ནས། སློབ་ཕྲུག་ཚོ་བདེ་ཐང་ངང་འཚར་ལོངས་ཡོང་རྒྱུ་དང་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་རྨང་གཞི་བརྟན་པོ་བཏིང་ཡོད་པ་རེད།
          མིག་སྔར། རྒྱལ་ཡོངས་ཀྱི་རྫོང་གཉིས་ཆ་གཅིག་ཡན་གྱིས་འཚོ་བཅུད་ལེགས་གཏོང་འཆར་གཞི་ལག་བསྟར་བྱས་ནས། འོས་འགན་སློབ་གསོའི་སློབ་གྲྭ་གཉིས་ཆ་གཅིག་ཡན་ལ་བཅུད་ཟས་མཁོ་འདོན་ཐུབ་ཡོད་པ་དང་། འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་མ་བཞི་ཆ་གཅིག་ཙམ་གྱིས་བཅུད་ཟས་ཀྱི་ཁ་གསབ་ལོངས་སུ་སྤྱོད་བཞིན་ཡོད་པ་རེད། རྒྱལ་ཡོངས་སུ་ཟ་ཁང་ནས་ཟ་མ་མཁོ་འདོན་བྱེད་པའི་ཚོད་ལྟའི་སློབ་གྲྭའི་བསྡུར་ཚད་71%དང་རྒྱལ་ཁབ་ཚོད་ལྟའི་རྫོང་76.6%(2012ལོ་ལས་བརྒྱ་ཆའི་གྲངས་20ཙམ་མཐོ་རུ་ཕྱིན་པ)ཟིན་ནས་བདེ་འཇགས་དང་། འཕྲོད་བསྟེན། བཅུད་ལྡན་བཅས་ཀྱི་བཟའ་བཅའ་མཁོ་འདོན་བྱེད་ནུས་ཧ་ཅང་ཆེ་རུ་ཕྱིན་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།