འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར“ཐེན་ཁུན་ཨང་དང་པོ”གྲུབ་འབྲས་
    ཐོབ་པའི་ངང་འཕེན་གཏོང་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་06ཉིན། 14:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན་གྱི་ཆུ་ཚོད་7དང་སྐར་མ་53ཐོག་རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་ནས་གསར་འབྱེད་ཨང་གཉིས་པ་ཞེས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར“ཐེན་ཁུན་ཨང་དང་པོ”གྲུབ་འབྲས་ཐོན་པའི་སྒོ་ནས་འཕེན་གཏོང་བྱས་ཤིང་། སྲུང་སྐར་དེ་སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་བདེ་བླག་ངང་འཁོར་རྒྱུག་ཐུབ་པ་རེད།
          ལག་རྩལ་གསར་པའི་ཚོད་ལྟའི་སྲུང་སྐར“ཐེན་ཁུན་ཨང་དང་པོ”ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཀུང་སིས་རང་ཚུགས་ངང་ཞིབ་བཟོ་བྱས་པའི་སྲུང་སྐར་ཨང་དང་པོ་དེ་ཡིན་པ་དང་དམིགས་ཡུལ་གཙོ་བོ་ནི་རྒྱང་ཚོར་དང་། འཕྲིན་གཏོང་། སྲུང་སྐར་ཆུང་ངུ་བཅས་ཀྱི་ལས་སྟེགས་ལག་རྩལ་ཞིབ་དཔྱད་ར་སྤྲོད་བྱ་རྒྱུ་དེ་རེད། སྲུང་སྐར་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱས་ནས་རང་རྒྱལ་གྱི་འཁོར་ལམ་དམའ་བའི་ཀུན་འཕྲོད་སྲུང་སྐར་ཆུང་རིགས་སྟེགས་བུའི་ཚད་དབྱིབས་སྡེབ་སྒྲིག་བྱེད་རྒྱ་ཆེ་རུ་བཏང་ཡོད་པ་རེད།
          ད་རེས་ཀྱི་འཕེན་གཏོང་ལས་འགན་འཁུར་བའི་གསར་འབྱེད་ཨང་གཉིས་པ་ཞེས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ནི་ཀྲུང་གོ་འཇིག་རྟེན་འཕུར་སྐྱོད་ཚན་རྩལ་བཟོ་ལས་ཚོགས་པ་ཀུང་སིས་ཚོང་ལས་རང་བཞིན་གྱི་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་སུ་འཆར་འགོད་བྱས་པའི་སྐྱེལ་འདྲེན་མ་ལག་ཆེ་གྲས་ལྔའི་གྲས་ཤིག་རེད། སྐྱེལ་འདྲེན་ནུས་པ་ཆེ་བ་དང་། སྟབས་བསྟུན་འཕེན་གཏོང་ནུས་པ་ཆེ་བ། ལས་འགན་ལེགས་སྒྲུབ་བྱེད་མྱུར་བ། འཕེན་གཏོང་འགན་ལེན་གྱི་རེ་བ་དམའ་བ། ཁོར་ཡུག་མཐུན་འཕྲོད་རང་བཞིན་ཆེ་བ་ལ་སོགས་པའི་ཁྱད་ཆོས་ལྡན་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དེས་རིགས་མང་བ་དང་། སྤྱོད་ཡུལ་མང་བ། ལས་འགན་མང་བ་བཅས་ཀྱི་སྲུང་སྐར་འཕེན་གཏོང་གི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།