འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།མཱ་ཕེ་ཧྭ་ཡིས་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ།

    སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྲོས་གཞི་99.84%ལ་སྒྲུབ་ལན་སློག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན། སྲིད་གྲོས་ཨུ་ཡོན་དང་། སྲིད་གྲོས་ནང་ཞུགས་མཁན་ཚན་པ་ཁག་དང་ཆེད་དོན་ཨུ་ཡོན་ལྷན་ཁང་གིས“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ལག་བསྟར་ལ་དམིགས་ནས་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འགོད་ཧུར་ཐག་བྱས་ཏེ་གྲོས་གཞི་ཁྱོན་བསྡོམས་5769ཕུལ་བ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་4279ཐོ་འགོད་བྱས་པ་དང་། “བསམ་འཆར་དང་གྲོས་འགོ”ཁག་1159བརྒྱུད་སྤྲོད་བྱས་པ། གྲོས་གཞི་230མཉམ་བསྲེས་བྱས་པ། གྲོས་གཞི་101ཕྱིར་འཐེན་བཅས་བྱས་པ། 2017ལོའི་ཟླ་2ཚེས་20ཉིན་བར་གྲོས་གཞི་99.84%སྒྲུབ་ལན་སློག་ཡོད།
           ཚེས་3ཉིན་གྱི་ཕྱི་དྲོ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་མཱ་ཕེ་ཧྭ་ཡིས་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་མངགས་བཅོལ་ལྟར་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་ལྔ་པའི་ཐོག་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པ་འཚོགས་ཚུན་གྱི་གྲོས་གཞི་སྒྲུབ་ཚུལ་སྙན་སྒྲོན་གནང་ཞིང་། ཁོང་གིས་སྒྲུབ་ལན་སློག་པའི་གྲོས་གཞིའི་ནང་ཐག་གཅོད་བྱས་པའམ་ཡང་ན་དང་ལེན་བྱས་པའི་གྲོས་གཞི་17.17%ཟིན་པ་དང་། ཐག་གཅོད་བྱ་རྩིས་ཡོད་པའམ་ཡང་ན་དང་ལེན་བྱ་རྩིས་ཡོད་པའི་གྲོས་གཞི་67.13%ཟིན་པ། དཔྱད་གཞིར་འཛིན་པའི་གྲོས་གཞི་15.7%ཟིན་ཡོད་ཅེས་གསུངས་པ་རེད།
           མཱ་ཕེ་ཧྭ་ཡིས་དཔལ་འབྱོར་འཛུགས་སྐྲུན་ཐད་གྲོས་གཞི་1718བཏོན་པ་དང་། ཆབ་སྲིད་འཛུགས་སྐྱོང་ཐད་གྲོས་གཞི་322བཏོན་པ། རིག་གནས་འཛུགས་སྐྱོང་ཐད་གྲོས་གཞི་460བཏོན་པ། སྤྱི་ཚོགས་འཛུགས་སྐྲུན་ཐད་གྲོས་གཞི་1344བཏོན་པ། སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ཐད་གྲོས་གཞི་303བཏོན་ཡོད། གྲོས་གཞི་ཁ་ཤས་ཀྱིས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་མཛད་ཕྱོགས་ལག་བསྟར་བྱེད་པ་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད་གཏོང་བ། ཕྱི་ཕྱོགས་དང་འབྲེལ་བ་བྱེད་རྒྱ་ཆེ་རུ་གཏོང་བ་སོགས་ལ་བསམ་འཆར་དང་གྲོས་འགོ་བཏོན་པར་འབྲེལ་ཡོད་ཚན་པའི་ཚད་མཐོའི་མཐོང་ཆེན་ཐོབ་ནས་ནན་ཏན་ངང་སྒྲུབ་ཡོད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།