འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་གིས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་3ཉིན་རྒྱལ་ཁབ་རིག་དངོས་ཅུས་ཀྱི་ཅུས་ཀྲང་ལིའུ་ཡུས་ཀྲུའུ་ཡིས“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་གི་བགྲོད་ལམ”བརྒྱུད་གསར་འགོད་པའི་དྲི་བར་ལན་རྒྱག་སྐབས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བ་བྱ་རྒྱུ་ནི་དོན་དག་ཆེན་པོ་ཞིག་རེད། གང་ལགས་ཤེ་ན་གནའ་རྫས་རྟོག་ཞིབ་དང་རིག་དངོས་སླར་གསོ་ནས་རྟེན་རྫས་བཤམས་མཛོད་ཁང་བར་སོགས་ཚུད་པའི་ཕྱོགས་གང་ཅིའི་ཐད་ལ་དམ་འཛིན་བྱེད་དགོས་པས་རེད་ཅེས་གསུངས་པ་རེད།
         ལིའུ་ཡུས་ཀྲུའུ་ཡིས་རིག་དངོས་ཀྱི་གསོན་ཤུགས་འཕེལ་བར་བྱ་རྒྱུ་ནི་ཐོག་མར་རིག་དངོས་ཐོན་ཁུངས་མང་དག་གི་སྒོ་མོ་སྤྱི་ཚོགས་ལ་ཕྱེ་ནས་རྒྱ་ཆེའི་སྤྱི་དམངས་ཀྱིས་རིག་དངོས་ཐོན་ཁུངས་རྒྱུས་མངའ་ཡོང་བ་བྱ་རྒྱུ་དེ་རེད། རྒྱལ་ཁབ་རིག་དངོས་ཅུས་ཀྱིས་ཉེ་བའི་ལོ་ཤས་སྤོ་རུང་བའི་རིག་དངོས་ཁྲི་77ཙམ་དང་སྤོ་རུང་བའི་རིག་དངོས་ཁྲི་6000ཙམ་རིམ་བཞིན་སྤྱི་ཚོགས་ལ་བསྟན་ནས་གོམ་སྟབས་ཆེ་ཙམ་ཞིག་སྤོས་ཡོད།
         གཞན་ཡང་ད་ཡོད་ཀྱི་ཐབས་ལམ་དང་ལྷག་པར་དུ་ད་ཡོད་ཀྱི་རྟེན་རྫས་བཤམས་མཛོད་ཁང་4000དག་བེད་སྤྱོད་དང་སྤུས་ཚད་མཐོར་གཏོང་གང་ལེགས་བྱེད་དགོས་པ་མ་ཟད། ད་དུང་ཐབས་ཤེས་མང་ཙམ་བཏང་ནས་དེས་སྤྱི་དམངས་ལ་ཞབས་འདེགས་སྔར་བས་མང་པོ་ཞུ་ཐུབ་པ་བྱེད་དགོས།
         མཇུག་ཏུ་རིག་དངོས་ཁྲོམ་ར་གསོན་ཤུགས་ཆེ་ལ་གོ་རིམ་ལྡན་པ་ཞིག་ཡོང་རྒྱུར་སྐུལ་སྤེལ་ཧུར་ཐག་གཏོང་དགོས། དྲ་སྦྲེལ་ལས་སྟེགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས་པ་དང་ལྷག་པར་དུ་སྤྱི་ཚོགས་ཀྱི་སྟོབས་ཤུགས་ཁྱབ་ཁོངས་དེའི་ནང་འཅུག་ནས་དམངས་ཁྲོད་ཀྱི་ཁྲིམས་མཐུན་ཉར་ཚགས་ཚད་ལྡན་དུ་གཏོང་རྒྱུར་ལྕག་སྐུལ་བྱེད་དགོས་ལ་རྒྱབ་སྐྱོར་ཡང་བྱེད་དགོས་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།