འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུའི་པུའུ་ཀྲང་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་ཆུང་ནས་སློབ་ཆེན་བར་གྱི་སློབ་
    རིམ་ཁག་ལ་ཁྱབ་པ་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:47】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སློབ་གསོ་པུའི་པུའུ་ཀྲང་ཁྲེན་པའོ་ཧྲེང་གིས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་ཁང་དུ་སློབ་ཁྲིད་བྱེད་པར་གཅིག་ནི་སློབ་ཆུང་ནས་སློབ་ཆེན་བར་གྱི་སློབ་གསོའི་སློབ་རིམ་ཚང་མར་ཁྱབ་པ་བྱ་རྒྱུ་དེ་རྨང་གཞི་བརྟན་གཏོང་གི་འདུ་འགོད་ཅིག་ཡིན་པ་དང་། གཉིས་ནི་སློབ་གཞིའི་མ་ལག་ནང་འཇུག་རྒྱུ་དེ་བླ་སྲོག་བསྐྲུན་པའི་འདུ་འགོད་ཅིག་ཡིན་པ། གསུམ་ནི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་བྱ་རྒྱུ་དེ་ཀྲུང་གོ་བས་རྨང་གཞི་འདིང་བའི་འདུ་འགོད་ཅིག་ཡིན་པ་བཅས་རེད་ཅེས་གསུངས།
           “གནད་དོན་དེ་ངས་ཉེ་ཆར་དོ་ཁུར་བྱས་པའི་དགའ་སྣང་སྐྱེ་ས་དང་སྦྲེལ་མཐུད་བྱུང་འདུག”ཅེས་ཁྲེན་པའོ་ཧྲེང་གིས་མི་དམངས་ཚོགས་ཁང་ཆེ་མོའི“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ”ཐོག་སྙན་ཚིག་མྱོང་རོལ་སྐོར་གླེང་སྐབས་སྙན་ཚིག་མྱོང་རོལ་བྱེད་སྟངས་ལས་མི་དམངས་མང་ཚོགས་ཚོས་ཕུལ་བྱུང་གི་ཀྲུང་གོའི་སྲོལ་རྒྱུན་རིག་གནས་སློབ་སྦྱོང་བྱེད་པའི་སྤྲོ་སེམས་འཕེལ་བར་བྱས་པས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་ཁང་དུ་སློབ་ཁྲིད་བྱེད་པར་ཐབས་ལམ་བཙལ་བ་དང་ཉམས་མྱོང་གསོག་ཐུབ་པ་བྱུང་ཡོད་ཅེས་གསུངས།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།