འཚོལ་བཤེར།   
藏文频道
2017ལོའི་ཟླ་3ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གསར་དུ་བསྐོ་གཞག་བྱས་པའི་ཚོང་དོན་པུའི་པུའུ་ཀྲང་གིས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་གཏོང་
    སྟངས་ལེགས་སུ་གཏོང་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 03ཚེས་05ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་དུ་བསྐོ་བཞག་བྱས་པའི་ཚོང་དོན་པུའི་པུའུ་ཀྲང་ཀྲུང་ཧྲན་ཚེས་3ཉིན་མི་དམངས་ཚོགས་ཁང་ཆེ་མོའི“ཚོགས་འདུ་གཉིས་ཀྱི་པུའུ་ཀྲང་བགྲོད་ལམ”དུ་ཐོག་མར་ཕེབས་པ་དང་། ཕྱི་ཕྱོགས་ཚོང་དོན་གྱི་དུས་བབ་ལ་ལྟ་སྟངས་ཇི་འདྲ་ཡོད་དམ་ཞེས་བཀའ་འདྲི་ཞུ་སྐབས། ཁོང་གིས་ཕྱི་ཕྱོགས་ཚོང་དོན་གྱིས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད་པས། ད་ཆ་གྲངས་འབོར་རྒྱ་སྐྱེད་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུར་བསྒྱུར་ཏེ་ཚོང་དོན་སྟོབས་ཆེའི་རྒྱལ་ཁབ་ཀྱི་གནས་བབ་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
           ཀྲུང་ཧྲན་གྱིས། ཕྱི་ཕྱོགས་ཚོང་དོན་ནི་རྒྱལ་ཁབ་ཅིག་འཕེལ་རྒྱས་གཏོང་བའི་སྟོབས་ཤུགས་གལ་ཆེན་ཡིན་པས་རང་རྒྱལ་གྱི་དཔལ་འབྱོར་འཕེལ་རྒྱས་ལ་ལེགས་སྐྱེས་ཆེན་པོ་ཕུལ་ཡོད། མ་འོངས་པར་ང་ཚོས་ཕྱི་ཕྱོགས་ཚོང་དོན་འཕེལ་རྒྱས་ལ་སྔར་བས་མཐོང་ཆེན་བྱེད་དགོས། ཡིན་ན་ཡང་། འཕེལ་རྒྱས་གཏོང་ཐབས་ལ་ངེས་པར་དུ་ལེགས་སྒྲིག་བྱས་ནས་གྲངས་འབོར་རྒྱ་སྐྱེད་ནས་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྒྱུར་དགོས། ང་ཚོས་ཟམ་མི་ཆད་པར་ཚོང་དོན་རྒྱལ་ཁབ་ཆེན་པོའི་གནས་བབ་མཐོ་རུ་གཏོང་བ་དང་ཚོང་དོན་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུར་སྐུལ་འདེད་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སླར་ཡང་ལེགས་སྐྱེས་འབུལ་དགོས་ཞེས་གསུངས་པ་རེད།
      
    2017-03-01

    ཕྱོགས་བསྡུས་གསར་འགྱུར།