འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།པེ་ཅིང་དང་ཐེན་ཅིན་ཧོ་པེ་སོགས་ས་ཁུལ་མང་པོར་རྡུལ་སྨུག་འཁྲིགས་རྒྱུ་ཡིན་ཞིང་། སང་ཉིན་
    པེ་ཅིང་དུ་སྦགས་བཙོག་ཚབས་ཆེན་འབྱུང་ཤས་ཆེ་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་27ཉིན། 13:16】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།པེ་ཅིང་དང་ཐེན་ཅིན་ཧོ་པེ་སོགས་ས་ཁུལ་མང་པོར་རྡུལ་སྨུག་འཁྲིགས་རྒྱུ་ཡིན་ཞིང་། སང་ཉིན་
པེ་ཅིང་དུ་སྦགས་བཙོག་ཚབས་ཆེན་འབྱུང་ཤས་ཆེ་བ།
         མི་དམངས་དྲ་བའི་འཕྲིན། ཁོར་ཡུག་སྲུང་སྐྱོང་སྡེ་ཁག་གིས་དེ་སྔོན་སྔོན་དཔག་བྱས་པར་གཞིགས་ན། པེ་ཅིང་དང་། ཐེན་ཅིན། ཧོ་པེ་ཞིང་ཆེན། དེ་བཞིན་མཐའ་སྐོར་གྱི་ས་ཁུལ་དུ་ཚེས་26ཉིན་ནས་བྱུང་བའི་སྦགས་བཙོག་ཆེ་བའི་བརྒྱུད་རིམ་གསར་པ་དེ་གྲོང་ཁྱེར་10ལྷག་ལ་མཆེད་རྒྱུ་རེད། ཚེས་27ཉིན་གྱི་ཉིན་མོར་པེ་ཅིང་གི་མཁའ་དབྱིངས་སུ་སྦགས་བཙོག་ཕྱོགས་བཞིར་མཆེད་པའི་ཆ་རྐྱེན་ཞན་དུ་འགྲོ་རྒྱུ་ཡིན་པས། མཁའ་དབུགས་ཀྱི་སྤུས་ཚད་སྦགས་བཙོག་ཡང་བ་རིམ་པ་3ཟིན་རྒྱུ་ཡིན་ཞིང་། ཚེས་28ཉིན་པེ་ཅིང་གི་མཁའ་དབུགས་ཀྱི་སྤུས་ཚད་རིམ་པ་4ནས་5པའི་བར་ཟིན་རྒྱུ་ཡིན་པས། དེ་ནི་སྦགས་བཙོག་ཚབས་ཆེ་ཚད་འབྲིང་རིམ་དུ་ཟིན་རྒྱུ་རེད། 
         སྔོན་བརྡ་བཏང་བར་གཞིགས་ན། ཟླ་3ཚེས་1ཉིན། པེ་ཅིང་གི་མཁའ་དབུགས་ཀྱི་སྤུས་ཚད་སླར་ཡང་རིམ་པ་2པ་ཅུང་ལེགས་པར་བསྐྱར་གསོ་ཡོང་རྒྱུ་ཡིན་མོད། ཡིན་ནའང་ཟླ་3ཚེས་2ཉིན་མཁའ་དབུགས་ཀྱི་སྤུས་ཚད་སླར་ཡང་སྦགས་བཙོག་རིམ་པ་3པར་འགྱུར་རྒྱུ་རེད།
    ༄༅།།པེ་ཅིང་དང་ཐེན་ཅིན་ཧོ་པེ་སོགས་ས་ཁུལ་མང་པོར་རྡུལ་སྨུག་འཁྲིགས་རྒྱུ་ཡིན་ཞིང་། སང་ཉིན་
པེ་ཅིང་དུ་སྦགས་བཙོག་ཚབས་ཆེན་འབྱུང་ཤས་ཆེ་བ།
      

    ཕྱོགས་བསྡུས་གསར་འགྱུར།