འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་ཁེ་ལས་ཀྱིས་བྷང་ག་ལའི་ཟམ་བསྐྲུན་རྣམ་གྲངས་སྐྲུན་འགན་འཁུར་བའི་མིང་
    རྟགས་བཀོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 10:45】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
          མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན་བྷང་ག་ལའི་རྒྱལ་ས་ཏ་ཁར་ཀྲུང་གོ་ཆུ་གློག་འཛུགས་སྐྲུན་ཚོགས་པ་རྒྱལ་སྤྱིའི་ལས་གྲྭ་ཚད་ཡོད་ཀུང་སིས་བྷང་ག་ལའི་འགྲིམ་འགྲུལ་པུའི་གཤམ་འོག་གི་གཞུང་ལམ་ཅུས་དང་ཤིས་ཏ་ལ་ཡ་གཙང་པོར་ཟམ་པ་གསུམ་བསྐྲུན་རྒྱུའི་རྣམ་གྲངས་ཀྱི་གན་རྒྱར་མིང་རྟགས་བཀོད་པ་རེད།
         ཕྱོགས་གཉིས་པོས་རྣམ་གྲངས་ལ་མཁོ་འདོན་བྱས་པའི་ཆ་འཕྲིན་ལ་གཞིགས་ན། ཤིས་ཏ་ལ་ཡ་གཙང་པོའི་ཟམ་པ་གསུམ་གྱི་རྣམ་གྲངས་ཀྱི་དོ་བདག་ནི་བྷང་ག་ལའི་གཞུང་ལམ་ཅུས་ཡིན་པ་དང་མ་དངུལ་ཡོང་ཁུངས་ནི་བྷང་ག་ལའི་སྲིད་གཞུང་གི་མ་དངུལ་དང་སོ་ཏིའི་འཕེལ་རྒྱས་ཐེབས་རྩ་ནས་ཡིན་པ་དང་གན་རྒྱའི་མ་དངུལ་ཨ་སྒོར་ཁྲི་5718ཙམ་ཟིན་ཡོད། རྣམ་གྲངས་ནང་གཙོ་བོ་ཟམ་པ་ཨ་མའི་ཨར་ལས་དང་། མཐོ་ཟམ་ཨར་ལས། ཆུ་ལམ་གྱི་ངོགས་སྲུང་། ལམ་སྟོན་ཨར་ལས། གྲོན་དངུལ་བསྡུ་བའི་ས་ཚིགས་ཀྱི་བསྐྲུན་དངོས་དང་གྲོན་དངུལ་བསྡུ་བའི་ས་ཚིགས་ཀྱི་གློག་ཀླད་ཀྱིས་གྲོན་དངུལ་བསྡུ་བའི་མ་ལག་སོགས་ཚུད་ཡོད་པ་དང་ལས་ཡུན་ཟླ་བ་36ཡིན་པ་རེད།
         ངོ་སྤྲོད་བྱས་པར་གཞིགས་ན། ཟམ་ཆེན་དེ་བསྐྲུན་པ་དེས་ཤིས་ཏ་ལ་ཡ་གཙང་པོའི་ངོགས་གཉིས་ཀྱི་འགྲིམ་འགྲུལ་གནད་དོན་ཐག་གཅོད་ཐུབ་རྒྱུར་ཕན་ཐོགས་ཡོད་པ་དང་། ཏ་ཁ་ནས་རྒྱལ་ཁབ་དེའི་གྲུ་ཁའི་གྲོང་ཁྱེར་ཅི་ཏ་ཀང་གྲུ་ཁ་བར་དང་། ཏ་ཁ་ནས་བྱང་རྒྱུད་ཀྱི་གྲོང་ཁྱེར་ཤིས་འར་ཧའོ་ཐེ་བར་གྱི་འགྲིམ་འགྲུབ་སྔར་བས་སྟབས་བདེ་རུ་འགྲོ་རྒྱུ་མ་ཟད། མཐའ་འཁོར་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ཡོང་བར་སྐུལ་མ་ཐེབས་ནས་ས་གནས་དེའི་མི་དམངས་ཀྱི་འཚོ་བར་སྔར་བས་སྟབས་བདེ་ཡོང་རྒྱུ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།