འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་པེ་ཅིང་དུ་འགྲེམས་སྟོན་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་10ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་ཐོན་རྫས་པེ་ཅིང་དུ་འགྲེམས་སྟོན་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན་པེ་ཅིང་དུ་འཚོགས་པའི་བོད་ཀྱི་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རྣམ་གྲངས་ངོ་སྤྲོད་ཚོགས་འདུའི་ཐོག རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་ཏེ་ལྷོ་པ་རིགས་ཀྱི་འཁལ་འཐག་ཐོན་རྫས་ལ་དོ་སྣང་བྱེད་མཁན་མང་པོ་བྱུང་བ་རེད། 2010ལོའི་རིག་གནས་པུའི་མངོན་མིན་རིག་གནས་ཤུལ་བཞག་སིས“ཐོན་སྐྱེད་རང་བཞིན་གྱི་སྲུང་སྐྱོང་རྣམ་གྲངས”དང་ཟུང་འབྲེལ་གྱིས་ཇུས་འགོད་པ་དང་རིགས་གཅིག་མཁས་ཅན་ལས་གྲུབ་པའི་ཚོགས་པ་ཞིག་སྒྲིག་འཛུགས་བྱས་ནས་བོད་དུ་སྲོལ་རྒྱུན་བཟོ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་རྣམ་གྲངས་སྤེལ་ཞིང་། ཁོང་ཚོས་ལྷོ་པའི་འཁལ་འཐག་དང་སྐྱེམ་སྟོང་གི་བོད་ཤོག་སོགས་མི་རིགས་ས་ཁུལ་གྱི་རིག་གནས་རྣམ་གྲངས་རྒྱུན་འཛིན་དང་སྔོག་འདོན་བྱས་ཤིང་། ཉིང་ཁྲི་དང་ལྷོ་ཁ་སོགས་ས་ཁུལ་གྱི་གྲོང་གསེབ་ཏུ་ཞིང་ཐང་བརྟག་དཔྱད་བྱས་ནས་བོད་ཀྱི་ཚོན་མདོག་མཛོད་ཀྱང་བཙུགས་པ་རེད། དེ་དང་དུས་མཚུངས། ས་གནས་དེ་གའི་སྲོལ་རྒྱུན་ལག་ཤེས་ཐོན་རྫས་ཁྲོམ་རར་བཏོན་ནས་མི་རིགས་ས་ཁུལ་གྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད་ལ་བོད་མིའི་ཡོང་འབབ་ཀྱང་འཕར་བར་བྱས་པ་རེད། འདི་ནི་བློ་བཟང་འཕྲིན་ལས་ཀྱིས་ལྷོ་པ་རིགས་ཀྱི་འཁལ་འཐག་ཐོན་རྫས་ཀྱི་རྒྱུ་ཆ་དང་བཟོ་རྩལ་ངོ་སྤྲོད་བྱེད་པའི་གནས་ཚུལ་ཡིན་པ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།