འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོའི་བོད་ཀྱི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་དགོང་ཚོགས་འབེབས་སྐྲུན་
    ལེགས་འགྲུབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་སྔོན་ “མཐུན་སྒྲིལ་དང་། མཛེས་སྡུག བདེ་ཐང་། བདེ་སྐྱིད། ལོ་གསར”བཅས་བརྗོད་དོན་གཙོ་བོར་བྱས་པའི་ལྷ་སའི་2017ལོའི་བོད་མེ་བྱ་ལོའི་ལོ་གསར་གྱི་བརྙན་འཕྲིན་མཉམ་སྤྲོའི་དགོང་ཚོགས་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་རིག་གནས་ལུས་རྩལ་ལྟེ་གནས་སུ་དངོས་སུ་འབབ་སྐྲུན་ལེགས་འགྲུབ་བྱས་པ་རེད། འདི་ག་བརྙན་འཕྲིན་ལས་ཁུངས་ཀྱི་མཉམ་སྤྲོའི་དགོང་ཚོགས་དེ་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་གྱི་སྔ་དྲོའི་ཆུ་ཚོད་བརྒྱད་པར་ལྷ་ས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་སྐད་འཕྲིན་ལམ་དང་། ཕྱོགས་བསྡུས་འཕྲིན་ལམ། རིག་གནས་ཡུལ་སྐོར་འཕྲིན་ལམ་བཅས་ཐོག་ནས་དུས་གཅིག་ཏུ་མཉམ་སྟོན་བྱ་རྒྱུ་རེད། 
         ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་མཉམ་སྤྲོའི་དགོང་ཚོགས་ལ་ཁྱོན་བསྡོམས་འཁྲབ་ཚན་24ཡོད་ཅིང་། ཧ་ལམ་ཆུ་ཚོད་3བསྟན་རྒྱུ་ཡིན་པ་མ་ཟད། འཁྲབ་སྟོན་པ་400ལྷག་ཞུགས་ཡོད་པ་རེད། 
         མཉམ་སྤྲོའི་དགོང་ཚོགས་ཐོག་ལྷ་ས་གྲོང་ཁྱེར་འདི་ཉིད་ལྟེ་གནས་གྲོང་ཁྱེར་ཡིན་པའི་ནུས་པ་གསལ་སྟོན་གང་ལེགས་བྱས་ནས་ལྷ་སའི་ཁྱད་ཆོས་ལ་དམིགས་པ་དང་། གྲོང་ཨུད་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམ་པོར་དམིགས་ནས་རིག་རྩལ་ལས་དོན་བཞུགས་མོལ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་གཏིང་ཟབ་པོ་བྱས་ཏེ་ཀྲུང་གོའི་ཕུགས་འདུན་གྱི་ལྷ་སའི་ལེའུ་གསར་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ། “ཏང་ལེགས་སྐྱོང་གིས་གྲོང་ཁྱེར་ལ་སྤྱི་འདོམས་དང་། ཁོར་ཡུག་ལེགས་སྐྱོང་གིས་གྲོང་ཁྱེར་འཛུགས་སྐྲུན། རིག་གནས་དར་སྤེལ་གྱིས་གྲོང་ཁྱེར་དར་རྒྱས། ཐོན་ལས་འཕེལ་རྒྱས་ཀྱིས་གྲོང་ཁྱེར་སྟོབས་ལྡན། དམངས་འཚོ་བདེ་འགོད་ཀྱིས་གྲོང་ཁྱེར་བདེ་འཇགས། ཁྲིམས་ལྟར་ལེགས་སྐྱོང་གིས་གྲོང་ཁྱེར་བརྟན་ལྷིང་”བཅས་བྱ་རྒྱུའི་འཐབ་ཇུས་ཆེན་པོ་དྲུག་བཅས་ལག་ལེན་བསྟར་ཚུལ་དང་འཕེལ་རིམ་གཅིག་སྡུད་ཐོག་མཚོན་པ་དང་། འཁྲབ་ཚན་གྱི་ཁྲོད་དུ་ལྷ་ས་གྲོང་ཁྱེར་ཨུད་ལྷན་དང་སྲིད་གཞུང་གི་ལས་དོན་སྒྲུབ་རིང་གི་གཙོ་གནད་ཆེ་ས་དང་། བཀྲག་མདངས་འཚེར་ས། ཐོབ་པའི་གྲུབ་འབྲས་བཅས་དམ་འཛིན་གང་ཐུབ་བྱས་ཏེ་དཔལ་འབྱོར་འཕེལ་རྒྱས་དང་། མི་རིགས་མཐུན་སྒྲིལ། སྐྱེ་ཁམས་འཚོ་གནས་འཕྲོད་པ། དམངས་འཚོ་ལེགས་བཅོས། སྤྱི་ཚོགས་འཆམ་མཐུན་བཅས་ཡོང་བའི་སྤྱི་ཚོགས་རིང་ལུགས་ཀྱི་ལྷ་ས་གསར་པ་ཞིག་གསལ་སྟོན་བྱས་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། 2017ལོའི་མཉམ་སྤྲོའི་དགོང་ཚོགས་འཁྲབ་སྟོན་སྔར་ལས་ལེགས་པ་ཡོང་བར་བྱ་ཆེད། གྲ་སྒྲིག་ཚོགས་ཆུང་གིས་འཁྲབ་ཚན་གསར་གཏོད་སྤྱི་ཁྱབ་ལྟ་སྐུལ་ཚོགས་པ་ཐོག་མར་བཙུགས་ཤིང་། ཚོགས་པ་འདིའི་ཚོགས་མིའི་ན་ཚོད་ནི་ལོ་རབས་50པའི་རྗེས་ནས་90པའི་རྗེས་བར་གྱི་མི་ཡོད་པ་དང་། དེ་ནི་ན་ཚོད་མི་འདྲ་བའི་ལྟ་ཕྱོགས་ཐོག་ནས་བོད་ལྗོངས་ཀྱི་མི་སེར་རྣམས་ཀྱི་བློ་ཡིད་ལ་བབ་པའི་གངས་ལྗོངས་མཐོ་སྒང་གི་དུས་ཆེན་ལ་བསམ་པའི་གསོལ་ཚིགས་གཟབ་རྒྱས་ཤིག་འབུལ་བའི་ཆེད་དུ་རེད།
         མཉམ་སྤྲོའི་དགོང་ཚོགས་སུ་ད་དུང་ཕན་ཚུན་སྐུལ་རེས་ཀྱི་བྱེད་སྒོ་ཡང་བཀོད་སྒྲིག་བྱས་ཡོད་ཅིང་། སྒྱུ་རྩལ་པ་ཁ་ཤས་མང་ཚོགས་ཁྲོད་དུ་ཟབ་འཇུག་བྱས་ཏེ་མང་ཚོགས་དང་དུས་ཆེན་ལ་དགའ་སྟོན་རྟེན་འབྲེལ་མཉམ་ཞུ་དང་ཕན་ཚུན་བར་ལོ་གསར་བཀྲ་ཤིས་བདེ་ལེགས་ཞུ་རེས་བྱེད་པ་སོགས་ཀྱི་ཐོག་ནས་ཕན་ཚུན་བར་གྱི་འབྲེལ་བ་ཇེ་ཟབ་ཏུ་ཕྱིན་ཞིང་། རང་བཞིན་དུ་འཚོ་བ་སྐྱེལ་བའི་ཁྲོད་དུ་བློ་བདེ་བག་ཕེབས་ཤིང་དགའ་སྤྲོ་འཁོལ་བའི་ངང་ལོ་གསར་གཏོང་བའི་རྣམ་པ་ཞིག་བསྐྲུན་པ་རེད།
         འདི་ལོའི་མཉམ་སྤྲོའི་དགོང་ཚོགས་ཐོག་གི་རོལ་མོ་གླུ་གཞས་དང་ཞབས་བྲོ་བཀོད་སྒྲིག་བྱས་པའི་ཐད་གསར་གཏོད་བྱེད་གང་ཐུབ་ཀྱིས་འཁྲབ་སྟངས་གསར་པའི་ཐོག་ནས་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་གཞི་རྒྱུ་སྟོན་ཐབས་བྱས་ཏེ་གསོན་ཤུགས་གསར་པ་བསྩལ་བ་རེད། མཉམ་སྤྲོའི་དགོང་ཚོགས་ཀྱི་འཁྲབ་ཚན་ད་དུང་བོད་ཀྱི་ལོ་གསར་ཚེས་གཅིག་ཉིན་བསྟན་རྒྱུ་ཡིན་པར་བསམ་གཞིགས་བྱས་པས།  མཉམ་སྤྲོའི་དགོང་ཚོགས་ཀྱི་འཁྲབ་ཚན་དང་མཉམ་སྤྲོའི་དགོང་ཚོགས་ཁྲོད་དུ་དཔྱིད་གསར་དུས་ཆེན་དང་འབྲེལ་བ་ཡོད་པའི་གཞི་རྒྱུ་ལོ་སྔོན་མའི་30%ནས་40%ཡིན་པ་ལས་ཉུང་དུ་འགྲོ་རྒྱུ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།