འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་དུ་ས་ཡོམ་རིམ་པ་4.9བྱུང་ནས་མི་2ལ་རྨས་སྐྱོན་
    ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་09ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་དུ་ས་ཡོམ་རིམ་པ་4.9བྱུང་ནས་མི་2ལ་རྨས་སྐྱོན་
ཕོག་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་8ཉིན་གྱི་ཆུ་ཚོད་19དང་སྐར་མ་11ཐོག་ཡུན་ནན་ཞིང་ཆེན་ལུའུ་ཏེན་རྫོང་དུ་ས་ཡོམ་རིམ་པ་4.9བྱུང་ཞིང་། ཡོམ་གནས་ཀྱི་གཏིང་ཚད་ལ་སྤྱི་ལེ་10ཡོད་པ་རེད། ཚེས་8ཉིན་གྱི་ཆུ་ཚོད་20དང་སྐར་མ་30བར། ས་ཡོམ་ཁྲོད་མི་2ལ་རྨས་སྐྱོན་ཕོག་ཡོད་པ་དང་། ལུང་ཐོའུ་ཧྲན་གྲོང་རྡལ་ནས་པ་པའོ་གྲོང་སྡེར་བགྲོད་པའི་འགྲོ་ལམ་རྡིབ་པ་དང་ས་རྡོ་ཉིལ་བས་བགྲོད་ལམ་ཆད་པ་རེད། གནོད་སྐྱོན་བྱུང་་ཚུལ་གཞན་དག་གོམ་གང་མདུན་སྤོས་ཀྱིས་བསྡོམས་རྩིས་བྱེད་བཞིན་ཡོད་པ་རེད། ཡུན་ནན་ཞིང་ཆེན་ས་ཡོམ་ཅུས་ཀྱིས་IIIརིམ་པའི་འཕྲལ་བསྟུན་མྱུར་སྐྱོར་བྱ་སྤྱོད་སྤེལ་འགོ་ཚུགས་ཟིན་ཡོད་པ་རེད། 
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།