འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཧོང་ཏུ་ར་སི་རྒྱལ་ཁབ་ཏུ་རླངས་འཁོར་གདོང་གཏུག་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་
    བྱུང་ནས་ཉུང་མཐར་ཡང་མི་15རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 14:55】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཧོང་ཏུ་ར་སི་རྒྱལ་ཁབ་ཏུ་རླངས་འཁོར་གདོང་གཏུག་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་
བྱུང་ནས་ཉུང་མཐར་ཡང་མི་15རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། ཐེ་ཀུ་ཞི་ཀར་ཕ་གྲོང་ཁྱེར་ནས་སྤེལ་བའི་གནས་སྤེལ་བར་ལྟར་ན། ཟླ་2ཚེས་5ཉིན་ཧོང་ཏུ་ར་སི་རྒྱལ་ཁབ་ཏུ་རླངས་འཁོར་གདོང་གཏུག་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་བྱུང་ནས་ཉུང་མཐར་ཡང་མི་15རྐྱེན་ལམ་དུ་ཤོར་བ་དང་མི་35ལ་རྨས་སྐྱོན་ཕོག་ཡོད་ཅིང་། མིག་སྔར་རྨས་སྐྱོན་ཕོག་མཁན་དག་སྨན་ཁང་དུ་སྲོག་སྐྱོབ་སྨན་བཅོས་བྱེད་བཞིན་ཡོད་པ་རེད། དེའི་ཁྲོད་དུ་རྨས་སྐྱོན་ཚབས་ཆེན་ཕོག་མཁན་ཁ་ཤས་ཡོད་པས། རྐྱེན་ལམ་དུ་ཤོར་བའི་མི་གྲངས་མུ་མཐུད་འཕར་སྲིད་རྒྱུ་རེད།
            ཧོང་ཏུ་ར་སི་རྒྱལ་ཁབ་ཀྱི་མེ་སྐྱོན་འགོག་གསོད་སྡེ་ཁག་གི་གཏམ་བཤད་མཁན་ཨའོ་སི་ཁཱ་•ཐེ་ལི་སྨི་ཉིའུ་སི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། དོན་རྐྱེན་དེ་ནི་རྒྱལ་ས་ཐེ་ཀུ་ཞི་ཀར་ཕ་གྲོང་ཁྱེར་ལྷོ་འདབས་སུ་བྱུང་ཞིང་། སྐབས་དེར་སློབ་གྲྭའི་རླངས་འཁོར་རྙིང་པ་བཅོས་སྒྲིག་བྱས་པའི་སྤྱི་སྤྱོད་རླངས་འཁོར་ཞིག་ཧོང་ཏུ་ར་སི་རྒྱལ་ཁབ་ལྷོ་རྒྱུད་གྲོང་ཁྱེར་ཧྲེང་སྨི་ཀེ་ལི་ཐའོ་རུ་སྐྱོད་པའི་ལམ་དུ་བགྲོད་བཞིན་པའི་སྐབས་སུ་ལྗིད་ཐེག་རླངས་འཁོར་ཞིག་དང་གདོང་ཐུག་བརྒྱབ་ནས་རླངས་འཁོར་གཉིས་ཀ་མགོ་རྟིང་བསློགས་པ་མ་ཟད། སྤྱི་སྤྱོད་རླངས་འཁོར་ནི་ལྗིད་ཐེག་རླངས་འཁོར་གྱི་འོག་ཏུ་མནན་ཡོད་པ་རེད།
    ༄༅།།ཧོང་ཏུ་ར་སི་རྒྱལ་ཁབ་ཏུ་རླངས་འཁོར་གདོང་གཏུག་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་
བྱུང་ནས་ཉུང་མཐར་ཡང་མི་15རྐྱེན་ལམ་དུ་ཤོར་བ།
    ༄༅།།ཧོང་ཏུ་ར་སི་རྒྱལ་ཁབ་ཏུ་རླངས་འཁོར་གདོང་གཏུག་བརྒྱབ་པའི་དོན་རྐྱེན་ཚབས་ཆེན་
བྱུང་ནས་ཉུང་མཐར་ཡང་མི་15རྐྱེན་ལམ་དུ་ཤོར་བ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།