འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་མཐའ་མཚམས་གྲོང་སྡེ་
    ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 14:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་མཐའ་མཚམས་གྲོང་སྡེ་
ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་6ཉིན། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གསང་སྔགས་ཆོས་གླིང་ཤང་ནི་རྫོང་བར་ལ་ལམ་ཐག་སྤྱི་ལེ་110ཡོད་པ་དང་། རྒྱ་མཚོའི་ངོས་ནས་མཐོ་ཚད་ཆ་སྙོམས་སུ་སྨི་3500ཡོད་ཅིང་། དེ་ནི་མཐའ་མཚམས་ཀྱི་ཞིང་ལས་གཉེར་བའི་ཤང་ཞིག་རེད། ཤང་སྲིད་གཞུང་གིས་གནད་སྨིན་དབུལ་སྐྱོར་ལས་དོན་སྤེལ་རིང་ས་གནས་དེ་གའི་ཕུན་སུམ་ཚོགས་པའི་ནགས་ཁྲོད་ཐོན་ཁུངས་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་ཐོན་ལས་འཕེལ་རྒྱས་བཏང་ནས་དབུལ་ཕོངས་མང་ཚོགས་དབུལ་སྒྲོལ་ཕྱུག་འགྱུར་བྱ་རྒྱུར་སྐུལ་ཁྲིད་བྱས་་པ་རེད།
          ངོ་སྤྲོད་བྱས་པ་ལྟར་ན། ས་གནས་དེ་གས་“གྲོང་མིའི་ཨུ་ལྷན་དང་མཉམ་ལས་ཁང་དང་མི་སེར་བཅས་མཉམ་འབྲེལ་”བྱེད་སྟངས་ལ་གཞིགས་ཏེ་2015ལོར་མ་རྩ་བཏང་སྟེ་ནས་ནག་རྩམ་པ་ལས་སྣོན་བཟོ་ཁང་དང་བོད་ཕག་གསོ་སྤེལ་རྟེན་གཞི་སོགས་བསྐྲུན་ནས་ས་གནས་དེ་གའི་དབུལ་ཕོངས་དུད་ཁྱིམ་ལ་ལས་ཞུགས་བྱ་ཡུལ་མཁོ་འདོན་བྱས་པས། མིག་སྔར་ཐོན་རྫས་དག་ལྷ་ས་དང་ཧྲང་ཧའེ་གྲོང་ཁྱེར་སོགས་ལ་བྲིན་འཚོང་བྱས་དང་བྱེད་བཞིན་ཡོད་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། གསང་སྔགས་ཆོས་གླིང་ཤང་གིས་2016ལོར་དབུལ་སྒྲོལ་ལས་འགན་ལེགས་འགྲུབ་བྱས་པ་དང་། ཤང་ཡོངས་ཀྱི་དབུལ་ཕོངས་ཁྱིམ་དུད་ཀྱི་ལོ་རེར་མི་རེའི་ཆ་སྙོམས་ཡོངས་འབབ་ཁེར་གཙང་སྒོར་6000ཡན་ཟིན་ཡོད་པ་རེད། འདི་ནི་གསང་སྔགས་ཆོས་གླིང་ཤང་གི་དབུལ་ཕོངས་དུད་ཁྱིམ་གྱིས་ལྷུན་རྩེ་རྫོང་གི་ཙི་ཧྲང་ཕིང་ནས་ནག་རྩམ་པ་ལས་སྣོན་བཟོ་ཁང་ནང་དུ་ནས་ནག་བརྔོ་བཞིན་ཡོད་པ།
    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་མཐའ་མཚམས་གྲོང་སྡེ་
ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་པ།
    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་མཐའ་མཚམས་གྲོང་སྡེ་
ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་པ།
    ༄༅།།བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཁྱད་ཆོས་ལྡན་པའི་ཐོན་ལས་ཀྱིས་མཐའ་མཚམས་གྲོང་སྡེ་
ཕྱུག་པོར་འགྱུར་བར་སྐུལ་ཁྲིད་བྱས་པ།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།