འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་རྒྱལ་ཁབ་ས་ཆ་བདེ་འཇགས་པུས་རྒྱལ་ཁོངས་སུ་འཛུལ་རྒྱུར་ཚོད་འཛིན་བྱེད་པའི་
    བཀའ་རྒྱ་གནས་སྐབས་ཁྱོན་ཡོངས་ནས་ལག་བསྟར་བྱེད་མཚམས་བཞག་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 13:44】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཨ་རིའི་རྒྱལ་ཁབ་ས་ཆ་བདེ་འཇགས་པུས་ཙུང་ཐུང་ཐེ་རོན་ཕུས་ཁྱབ་བསྒྲགས་བྱས་པའི་རྒྱལ་ཁོངས་སུ་འཛུལ་རྒྱུར་ཚོད་འཛིན་བྱེད་པའི་བཀའ་རྒྱ་གནས་སྐབས་ཁྱོན་ཡོངས་ནས་ལག་བསྟར་བྱེད་མཚམས་འཇོག་རྒྱུའི་གསལ་བསྒྲགས་སྤེལ་བ་རེད།
         རྒྱལ་ཁབ་ས་ཆ་བདེ་འཇགས་པུའི་ལས་ཚབ་གསར་འགྱུར་མགྲིན་ཚབ་པ་ཅི་ལི་ཨེན·ཁེ་ལི་སི་ཐེང་སེན་གྱིས་རྒྱལ་ཕྲན་མཉམ་འབྲེལ་ཁྲིམས་དཔོན་གྱིས་ཁྲུན་ཐག་བཅད་པ་གཞིར་བཟུང་། ཙུང་ཐུང་གི་སྲིད་འཛིན་བཀའ་རྒྱ་ལག་ལེན་བསྟར་བའི་བྱ་སྤྱོད“གང་རུང་ཞིག་དང་ཚང་མ”འཕྲལ་དུ་སྤེལ་མཚམས་འཇོག་རྒྱུ་མ་ཟད། རྒྱལ་ཁབ་ས་ཆ་བདེ་འཇགས་པུས་རྒྱལ་ཁོངས་སུ་འཛུལ་མཁན་ཡུལ་སྐོར་བར་དེ་སྔོན་གྱི་ཞིབ་བཤེར་བྱེད་པའི་ཐབས་ལམ་སླར་གསོ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་རེད།
         ཚེས་3ཉིན། ཨ་རིའི་ཝ་ཧྲིང་ཐོན་ཀྲོའུ་ནུབ་ཁུལ་རྒྱལ་ཕྲན་མཉམ་འབྲེལ་ས་གནས་ཁྲིམས་ཁང་གི་ཁྲིམས་དཔོན་ཀྲན་མུའུ་སི·ལུའོ་པ་ཐེས་ཨ་རི་ཡོངས་ཀྱི་ཁྱབ་ཁོངས་ནང་ཐེ་རོན་ཕུས་ཁྱབ་བསྒྲགས་བྱས་པའི་སྐྱབས་བཅོལ་བ་སོགས་ཚོགས་སྤྱི་རྒྱལ་ཁོངས་སུ་འཛུལ་རྒྱུ་ཚོད་འཛིན་བྱེད་པའི་སྲིད་འཛིན་བཀའ་རྒྱ་གནས་སྐབས་ལག་ལེན་བསྟར་མཚམས་འཇོག་རྒྱུའི་ཁྲུན་ཐག་བཅད་པ་རེད།
         ཕོ་བྲང་དཀར་པོས་དེ་ཉིན་ཁྲུན་གཅོད་དེ་འཕྲལ་དུ་ཕྱིར་འགྱངས་བྱ་རྒྱུའི་རེ་ཞུ་འབུལ་རྒྱུ་ཡིན་པ་མ་ཟད། ཙུང་ཐུང་གི་སྲིད་འཛིན་བཀའ་རྒྱར་སྲུང་སྐྱོབ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་བ་རེད། ཚེས་4ཉིན་གྱི་ཞོགས་པ་ཐེ་རོན་ཕུས་རང་ཉིད་ཀྱི་ཐུའེ་ཐེ་དཔོད་ཕྲན་ཐོག“ཁྲིམས་དཔོན་ཡིན་ཟེར་མཁན་འདིའི་བསམ་འཆར་ཆོ་མེད་ལ་དགོད་བྲོ་བ་ཞིག་ཡིན་པས་རྩིས་མེད་གཏོང་རྒྱུ་རེད”ཅེས་སྐྱོན་བརྗོད་བྱས་པ་རེད།
        ཟླ་1ཚེས་27ཉིན་ཐེ་རོན་ཕུས་གོ་ལ་ཧྲིལ་པོའི་སྐྱབས་བཅོལ་བ་དང་ཨེ་ཤེ་ཡ་ནུབ་མ་དང་ཨ་ཧྥེ་རི་ཁ་བྱང་མའི་རྒྱལ་ཁབ་7གྱི་སྤྱི་དམངས་གནས་སྐབས་རྒྱལ་ཁོངས་སུ་འཛུལ་མི་ཆོག་པའི་སྲིད་འཛིན་བཀའ་རྒྱ་བཏང་བ་རེད། སྲིད་འཛིན་བཀའ་རྒྱ་དེ་གཞིར་བཟུང་ཨ་རིས་ཉིན་120ཡི་ནང་སྐྱབས་བཅོལ་བ་ཡོངས་རྒྱལ་ཁོངས་སུ་གནས་སྐབས་འཛུལ་དུ་འཇུག་རྒྱུ་མིན་པ་དང་ཉིན་90ནང་དབྱི་རན་དང་། སུའུ་ཏན། སི་རི་ཡ། ལི་པི་ཡ། སོ་མ་ལི། ཡེ་མེན་དང་དབྱི་རག་བཅས་རྒྱལ་ཁབ་7གྱི་སྤྱི་དམངས་རྒྱལ་ཁོངས་སུ་གནས་སྐབས་འཛུལ་དུ་འཇུག་རྒྱུ་མིན་པ་མ་ཟད། སི་རི་ཡའི་སྐྱབས་བཅོལ་བ་ནམ་ཡང་ཨ་རིར་ཡོང་དུ་འཇུག་རྒྱུ་མིན་པ་རེད།
        རྒྱལ་ཁོངས་སུ་འཛུལ་རྒྱུར་ཚོད་འཛིན་བྱེད་པའི་བཀའ་རྒྱ་ཁྱབ་བསྒྲགས་བྱས་རྗེས་ཨ་རི་ཡོངས་ཀྱི་ས་ཁུལ་མང་པོས་ངོ་རྒོལ་དང་འཛམ་གླིང་རྒྱལ་ཁབ་མང་པོས་སྐྱོན་བརྗོད་བྱས་པ་མ་ཟད། ལྷག་པར་དུ་ཨ་རིའི་གྲོང་ཁྱེར་ཆེ་ཁག་དང་། IT ཚན་རྩལ་མཐོ་བའི་ཐོན་ལས། མཐོ་རིམ་སློབ་གསོའི་ལས་རིགས་བཅས་ཀྱིས་དེ་བས་ངོ་རྒོལ་མཐའ་གཅིག་ཏུ་བྱས་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།