འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།“ཀྲུང་ཨོའི་ཡུལ་སྐོར་ལོ”ཤིས་ཉི་རུ་གཟབ་རྒྱས་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་07ཉིན། 13:35】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2017ལོའི“ཀྲུང་ཨོའི་ཡུལ་སྐོར་ལོའི”འགོ་འཛུགས་མཛད་སྒོ་ས་གནས་དེ་གའི་དུས་ཚོད་ཟླ་2ཚེས་5ཉིན་ཨོ་སི་ཁྲུ་ལི་ཡའི་ཤིས་ཉི་རུ་འཚོགས་ཤིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་དང་ཨོ་སི་ཁྲུ་ལི་ཡའི་ཙུང་ལི་ཐེ་ཨེན་པུར་རྣམ་གཉིས་ཀྱིས་འགོ་འཛུགས་མཛད་སྒོའི་ཐོག་ཤིས་ཚིག་སྒྲོན་པ་རེད།
         ལི་ཁེ་ཆང་གི་ཤིས་ཚིག་ནང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་བྱེད་པ་ནི་ཀྲུང་ཨོའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་འདེགས་སྐྱོར་བྱེད་པའི་ཀ་རྟེན་གལ་ཆེན་གྱི་གྲས་ཤིག་ཡིན། དགའ་ཚོར་བྱེད་དགོས་པ་ཞིག་ལ་ཀྲུང་གོ་དང་ཨོ་སི་ཁྲུ་ལི་ཡ་དེ་རྒྱལ་ཁབ་གཉིས་པོའི་མང་ཚོགས་ཀྱིས་ཕན་ཚུན་འགྲོ་འདོད་ཆེན་པོ་བྱེད་པའི་ཡུལ་སྐོར་བྱ་ཡུལ་དུ་གྱུར་ནས་ན་ནིང་མི་ཐེངས་ཁྲི་200ཙམ་ཕན་ཚུན་འགྲོ་འོང་བྱས་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་ཡུལ་སྐོར་ལོ་སྤེལ་བའི་གོ་སྐབས་སྤྱད་དེ་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སོགས་ཁྱབ་ཁོངས་ཆེན་པོའི་ཐད་སྤེལ་རེས་དང་མཉམ་ལས་བྱེད་རྒྱ་དང་བྱེད་ཤུགས་ཆེ་རུ་བཏང་སྟེ་ཀྲུང་ཨོའི་འབྲེལ་བ་ཁྱོན་ཡོངས་ནས་འཕེལ་རྒྱས་འགྲོ་རྒྱུར་དེ་བས་སྲ་ཞིང་བརྟན་པའི་དམངས་འདོད་ཀྱི་རྨང་གཞི་སྐྱེད་སྲིང་བྱ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        ལི་ཁེ་ཆང་གིས་ཀྲུང་ཨོ་གཉིས་པོས་འཛམ་གླིང་གི་ཤེས་དཔལ་སྣ་མང་རང་བཞིན་ལ་བརྩི་འཇོག་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་ཨོ་སི་ཁྲུ་ལི་ཡ་ཕྱོགས་དང་ཕྱི་འབྲེལ་གྱི་འབྲེལ་བ་ལོ་45བཙུགས་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ལེགས་པའི་ཕྱོགས་སུ་འཕེལ་རྒྱས་འགྲོ་བའི་རྨང་གཞིའི་ཐོག་འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཁོང་ཡངས་སྒོ་དབྱེ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ་བཅས་མུ་མཐུད་རྒྱུན་འཁྱོངས་བྱས་ནས་འཛམ་གླིང་གི་ཞི་བདེ་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། ས་ཁུལ་གྱི་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་པོའི་དབར་གཉིས་ཁེ་མཉམ་ལས་བྱས་ནས་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དེ་བས་ཕན་བདེ་སྐྲུན་པ་བཅས་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
        ཐེ་ཨེན་པུར་གྱིས་ལོ་20ལྷག་ཙམ་གྱི་ཨོ་ཀྲུང་ཡུལ་སྐོར་མཉམ་ལས་རོགས་ཟླའི་འབྲེལ་བར་གཡུར་ཟའི་གྲུབ་འབྲས་མང་པོ་ཐོབ་ཡོད། ཀྲུང་གོ་འདི་ཉིད་ཨོ་སི་ཁྲུ་ལི་ཡའི་རིན་ཐང་ཆེ་ཤོས་ལྡན་པའི་ཡུལ་སྐོར་ཁྲོམ་རར་གྱུར་ནས་ན་ནིང་ཨོ་སི་ཁྲུ་ལི་ཡར་ཡོང་བའི་ཀྲུང་གོའི་ཡུལ་སྐོར་བ་མི་ཁྲི་120ཟིན་ཡོད། “ཨོ་ཀྲུང་ཡུལ་སྐོར་ལོའི”བྱེད་སྒོ་དེ་ཐོག་ནས་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་དུས་རབས་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད། སླད་ཕྱིན་ཕྱོགས་གཉིས་པོས་མཉམ་དུ་འབད་བརྩོན་བྱས་པ་བརྒྱུད་ཨོ་ཀྲུང་རྒྱལ་ཁབ་གཉིས་པོས་འབྱུང་འགྱུར་གྱི་འཕེལ་རྒྱས་ཁྲོད་ནས་ཐོབ་པའི་གོ་སྐབས་མཉམ་སྤྱོད་བྱ་རྒྱུའི་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
        འགོ་འཛུགས་མཛད་སྒོའི་ཐོག་ཀྲུང་གོའི་རྒྱལ་ཁབ་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་ལི་ཅིན་ཙའོ་དང་། ཨོ་སི་ཁྲུ་ལི་ཡའི་དཔལ་འབྱོར་ཚོང་དོན་དང་ཡུལ་སྐོར་མ་འཇོག་པུའུ་ཀྲང་ཆའོ་པོ་རྣམ་གཉིས་ཀྱིས་རྒྱལ་ཁབ་གཉིས་པོའི་ཙུང་ལིའི་ཤིས་ཚིག་སྒྲོན་སྦྱངས་གནང་བ་རེད། ཕྱོགས་གཉིས་པོས་ད་དུང་《རྒྱལ་ཁབ་ཀྱི་མཆོག་ནོར་》ཞེས་པའི་མི་རིགས་རོལ་དབྱངས་འདུ་ཚོགས་དང་ཚོན་ཁྲ་ཅན་གྱི་ཤོག་སྦག་སྤར་བ་སོགས་ཀྱི་བྱེད་སྒོ་སྤེལ་ཡོད། ཀྲུང་ཨོའི་ཡུལ་སྐོར་སྡེ་ཚན་དང་། ཨོ་སི་ཁྲུ་ལི་ཡར་བཅའ་སྡོད་རང་རྒྱལ་གྱི་ཕྱི་འབྲེལ་སྒྲིག་གཞི། རྒྱལ་ཁབ་གཉིས་པོའི་ཡུལ་སྐོར་ཁེ་ལས་ལས་རིགས། ཨོ་སི་ཁྲུ་ལི་ཡར་ཡུལ་སྐོར་བྱེད་མཁན་ཕྱིར་སྡོད་རང་མི་དང་ཕྱི་ཁོངས་ཀྲུང་གོ་བ། ས་གནས་དེ་གའི་གྲོང་མི། ན་གཞོན་སློབ་མའི་འཐུས་མི་སོགས་མི་2000ལྷག་ཙམ་གོང་གི་བྱེད་སྒོར་ཞུགས་པ་རེད།
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།