འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་རན་གྱི་ཚོང་ཁང་ཞིག་ལ་མེ་ཤོར་ནས་མེ་གསོད་རུ་མི་20གྲོངས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་22ཉིན། 09:58】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།དབྱི་རན་གྱི་ཚོང་ཁང་ཞིག་ལ་མེ་ཤོར་ནས་མེ་གསོད་རུ་མི་20གྲོངས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་19ཉིན། དབྱི་རན་རྒྱལ་ཁབ་ཀྱི་སྨྱན་སྦྱོར་ལས་ཁུངས་ནས་གནས་འཕྲིན་སྤེལ་བར་གཞིགས་ན། ཉིན་དེར་དབྱི་རན་རྒྱལ་ཁབ་ཀྱི་རྒྱལ་ས་ཐེ་ཧེ་རན་གྲོང་ཁྱེར་དུ་ཚོང་ལས་ཐོག་བརྩེགས་ཁང་ཆེན་ཞིག་ལ་མེ་ཤོར་ནས་རྡིབ་པ་དང་། དོན་རྐྱེན་དེ་ལས་ཉུང་མཐར་ཡང་མེ་གསོད་རུ་མི་20རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་70ལ་རྨས་སྐྱོན་ཕོག་པ་རེད།
        དབྱི་རན་རྒྱལ་ཁབ་ཀྱི་ཐ་སི་ཉི་མུ་གསར་འགྱུར་ཁང་གིས་ཐ་ཧེ་རན་གྲོང་ཁྱེར་གྱི་འགོ་འཛིན་མ་ཧཱ་མུ་ཏི་-པ་ཅིར་•ཁཱ་ལི་པ་ཧྥུའུ་ཡི་གཏམ་བཤད་དྲངས་ཏེ་གནས་འཕྲིན་སྤེལ་ནས་རྐྱེན་ལམ་དུ་ཤོར་བའི་མི་20ནི་མེ་ཤོར་བའི་རྗེས་སུ་ཐོག་བརྩེགས་ཁང་ཆེན་ནང་འཛུལ་ནས་མྱུར་སྐྱོབ་ལ་ཞུགས་མཁན་མེ་གསོད་རུ་མི་ཡིན་པ་དང་། རྨས་སྐྱོན་ཕོག་པའི་མི་70ཚང་མ་ཐོག་བརྩེགས་ཁང་ཆེན་ནང་གི་ཚོང་ཁང་གི་ཚོང་གཉེར་མི་སྣ་རེད་ཅེས་བརྗོད་པ་རེད།
         གནས་འཕྲིན་སྤེལ་བར་གཞིགས་ན། མེ་ཤོར་བའི་ཐོག་བརྩེགས་ཁང་ཆེན་འདི་ནི་ལོ་50ལྷག་གི་གོང་ལ་བརྒྱབ་པ་ཡིན་ཞིང་། ཐོག་བརྩེགས་རིམ་པ་17ཡོད་པ་དང་། ནང་དུ་ཚོང་ཁང་600ལྷག་ཡོད་པ་རེད། མེ་ཤོར་དོན་རྐྱེན་ནི་ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་8ཡས་མས་སུ་བྱུང་ཞིང་། ཐོག་བརྩེགས་8པ་ནས་9པའི་བར་ཐོག་མར་མེ་ཤོར་བ་དང་། དེ་ནས་མེ་འབར་ཤུགས་ཐོག་བརྩེགས་གཞན་པར་མཆེད་པ་མ་ཟད་ཆུ་ཚོད་འགའ་ཤས་འབར་བས། མཐར་ཐོག་བརྩེགས་ཁང་ཆེན་རྡིབ་པ་བྱེད།
        དབྱི་རན་རྒྱལ་ཁབ་བརྙན་འཕྲིན་ལས་ཁུངས་ཀྱིས་དེ་སྔོན་སྔ་ཙམ་ལ་གནས་འཕྲིན་སྤེལ་ཏེ་དོན་རྐྱེན་འདི་ལས་ཉུང་མཐར་ཡང་མི་30རྐྱེན་ལམ་དུ་ཤོར་བ་དང་། གཞན་མི་50ནས་100བར་ཐོག་བརྩེགས་ཁང་ཆེན་རྡིབ་པའི་ཞིག་རོ་འོག་ཏུ་མནན་ཡོད་ཅེས་བརྗོད་པ་རེད། 
        མིག་སྔར། ས་གནས་དེ་གའི་མེ་གསོད་སྡེ་ཁག་གིས་ད་དུང་ཡུལ་དངོས་སུ་ལས་མཇུག་ལེགས་བསྡུས་དང་གཙང་བཤེར་ལས་ཀ་བྱེད་བཞིན་ཡོད་པ་དང་། མེ་ཤོར་བའི་རྒྱུ་རྐྱེན་ནི་ད་དུང་བརྟག་དཔྱད་བྱེད་བཞིན་ཡོད་པ་རེད།
    ༄༅།།དབྱི་རན་གྱི་ཚོང་ཁང་ཞིག་ལ་མེ་ཤོར་ནས་མེ་གསོད་རུ་མི་20གྲོངས་པ།
    ༄༅།།དབྱི་རན་གྱི་ཚོང་ཁང་ཞིག་ལ་མེ་ཤོར་ནས་མེ་གསོད་རུ་མི་20གྲོངས་པ།
    ༄༅།།དབྱི་རན་གྱི་ཚོང་ཁང་ཞིག་ལ་མེ་ཤོར་ནས་མེ་གསོད་རུ་མི་20གྲོངས་པ།
      

    ཕྱོགས་བསྡུས་གསར་འགྱུར།