འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།མི་དམངས་དྲ་བའི་ལོ་ངོ་20རིང་གི་དོན་ཆེན་ཁག་ཅིག

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་22ཉིན། 09:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།མི་དམངས་དྲ་བའི་ལོ་ངོ་20རིང་གི་དོན་ཆེན་ཁག་ཅིག
         1997ལོའི་ཟླ་དང་པོའི་ཚེས་1ཉིན། མི་དམངས་དྲ་བ་དངོས་སུ་ཤར་གཏོང་བྱས་ཤིང་། ད་ལྟ། མི་དམངས་དྲ་བའི་ཁྱབ་སྒྲོག་བྱེད་ཚད་མི་ཐེངས་གྲངས་དུང་ཕྱུར་1.3ལས་བརྒལ་ཡོད་ལ། དྲ་དམངས་ནི་རྒྱལ་ཁབ་དང་ས་ཁུལ་210ལྷག་ཏུ་ཁྱབ་ཡོད།
          1999ལོའི་ཟླ་5ཚེས་9ཉིན། མི་དམངས་དྲ་བས"བྱང་ཆིངས་རྩ་འཛུགས་ཀྱི་རྩུབ་སྤྱོད་ལ་རྒོལ་བའི་གླེང་སྟེགས"ཞེས་པ་ཤར་གཏོང་བྱས་པ་དང་། དེ་རྗེས"སྟོབས་ཆེའི་རྒྱལ་ཁབ་ཀྱི་གླེང་སྟེགས"ཞེས་པར་མིང་སྒྱུར་བྱས། འདི་ནི་ཀྲུང་གོའི་གསར་འགྱུར་སྨྱན་སྦྱོར་གྱིས་གཉེར་བའི་རྒྱ་ཡིག་གི་སྐབས་དོན་ཆབ་སྲིད་གླེང་སྟེགས་ཐོག་མ་ཡིན་ལ། ཐོག་སྦྱར་གྱི་གྲངས་ཀ་མི་རིང་བར་འཛམ་གླིང་གི་རྒྱ་ཡིག་གླེང་སྟེགས་ཁྲོད་ཀྱི་ཨང་དང་པོར་གྱུར།
         2004ལོའི་ཟླ་4ཚེས་20ཉིན། མི་དམངས་ཉིན་རེའི་ཚགས་པར་གྱི་པར་ངོས་ལྔ་པར"མི་དམངས་དྲ་བའི་ཀློག་པ་པོའི་གཏམ་འཇོག་འཕྲིན་ངོས"ཀྱི་ཆེད་བསྒྲིགས་ལེ་ཚན་བཏོད་ཏེ་མི་དམངས་དྲ་བའི་དྲ་དམངས་ཀྱིས་ཉིན་སྔ་མའི་མི་དམངས་ཉིན་རེའི་ཚགས་པར་གྱི་གསར་འགྱུར་ལ་དཔྱོད་བརྗོད་བསམ་འཆར་བཏོན་པ་བཀོད་དེ་ཚགས་པར་དང་དྲ་བར་སྤེལ་རེས་ཀྱི་སྲོལ་ཐོག་མར་བཙུགས།
         2006ལོའི་ཟླ་7ཚེས་11ཉིན། དཔྱད་གཏམ་བརྩམས་ཆོས་གསར་རྩོམ་《མི་དམངས་ཀྱིས་དུས་དོན་དཔྱད་གཏམ་སྟེ། ང་ཚོས་རྒྱལ་གཅེས་ཀྱི་བསམ་པ་ཇི་ལྟར་མངོན་དགོས་སམ་》ཞེས་པར་ཀྲུང་གོའི་གསར་འགྱུར་བྱ་དགའ་ཨང་དང་པོ་ཐོབ། ད་ལྟ་བར་དུ། མི་དམངས་དྲ་བར་ཀྲུང་གོའི་གསར་འགྱུར་བྱ་བྱ་དགའ་ཨང་དང་པོ་ཁྱོན་བསྡོམས་ཐེངས་11ཐོབ།
          2006ལོའི་ཟླ་8པར། མི་དམངས་དྲ་བའི་"ས་གནས་འགོ་ཁྲིད་ཀྱི་གཏམ་འཇོག་འཕྲིན་ངོས་"ཤར་གཏོང་བྱས་ནས་མི་དམངས་ཀྱི་འདོད་བློ་མཚོན་པ་དང་། མང་ཚོགས་ཀྱི་དོ་ཁུར་བྱེད་པར་ཨ་ལན་འདེབས་པ། གནད་དོན་ཐག་གཅོད་ཡོང་བ་བཅས་བྱས་པས། ད་ལྟ་བར་དུ་རྒྱལ་ཡོངས་སུ་ཁྱབ་པའི་དྲ་སྦྲེལ་སྲིད་དོན་མཉམ་འགུལ་གྱི་སྟེགས་བུ་ཉག་གཅིག་ཏུ་གྱུར་ཡོད།
         2008ལོའི་ཟླ་6ཚེས་20ཉིན། མི་དམངས་ཉིན་རེའི་ཚགས་པར་བཏོད་ནས་ལོ་ངོ་60འཁོར་བའི་སྐབས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཧུའུ་ཅིན་ཐའོ་མི་དམངས་དྲ་བའི་སྟོབས་ཆེའི་རྒྱལ་ཁབ་གླེང་སྟེགས་ཀྱི་སྐུ་མགྲོན་དུ་ཕེབས་ཏེ་དྲ་དམངས་དང་སྐུད་ཐོག་ནས་སྤེལ་རེས་གནང་། འདི་ནི་རང་རྒྱལ་གྱི་ཆེས་མཐོའི་དབུ་ཁྲིད་པས་དྲ་དམངས་དང་སྐུད་ཐོག་གནས་སྤེལ་རེས་གནང་ཚུལ་ཐོག་མ་རེད།
         2008ལོའི་ལོ་མཇུག་ཏུ། མི་དམངས་དྲ་བས་ཐོ་ཁེའོ་ཏུ་ཉི་ཧོང་ཀྲུའུ་ཧྲི་ཚོགས་པ་བཙུགས་ཏེ་ཐོག་མར་རྒྱལ་ཁོངས་ལས་བརྒལ་ཏེ། ས་གནས་ཅན་དུ་འགྱུར་བར་བྱེད་པའི་རྒྱལ་ཁབ་ཀྱི་གཙོ་གནད་གསར་འགྱུར་དྲ་ཚིགས་སུ་གྱུར། ད་ལྟ་མི་དམངས་དྲ་བར་ཕྱི་རྒྱལ་དུ་ཡན་ལག་ཀུང་སིའམ་དོན་གཅོད་ཁང་11ཡོད།
         2010ལོའི་ཟླ་6ཚེས་20ཉིན། མི་དམངས་ཉིན་རེའི་ཚགས་པར་དང་འཛམ་གླིང་དུས་འཕྲིན་ཚགས་པར་ཁང་སོགས་དང་མཉམ་འབྲེལ་ཐོག་གྲོས་འགོ་བཏོན་པའི་མི་དམངས་དྲ་བའི་མ་རྐང་ཚད་ཡོད་ཀུང་སི་དངོས་སུ་བཙུགས།
         2012ལོའི་ཟླ་4ཚེས་27ཉིན། མི་དམངས་དྲ་བས་ཧྲང་ཧའེ་དངུལ་འཛིན་ཉོ་འཚོང་ཁང་དུ་ཁྲོམ་ཞུགས་ཉོ་ཚོང་བྱས་ཤིང་། རྒྱལ་ནང་དུ་མ་རྐང་Aཁྲོམ་ཞུགས་ཀྱི་གསར་འགྱུར་དྲ་ཚིགས་དང་པོར་གྱུར། 
         2013ལོའི་ཟླ་9ཚེས་7ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཧ་སག་སི་ཐན་རྒྱལ་ཁབ་ཀྱི་ན་ཀྲ་པ་ཡེ་ཧྥུའུ་སློབ་ཆེན་དུ་གཏམ་བཤད་གལ་ཆེན་གནང་། མི་དམངས་དྲ་བར་ཡུལ་དངོས་ནས་དྲ་ཐོག་ཁེར་རྐྱང་ཐད་གཏོང་བྱེད་དབང་ཐོབ་ལ། སྐད་རིགས་དྲུག་གི་ཐོག་ནས་དུས་གཅིག་གི་ནང་གནས་འཕྲིན་སྤེལ་ཞིང་། མི་དམངས་དྲ་བའི་པོད་འཕྲིན་དུ་དུས་ཐོག་གནས་འཕྲིན་སྤེལ།
         2014ལོའི་ཟླ་3ཚེས་29ཉིན། མི་དམངས་དྲ་བའི་ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་དྲ་བས་གཙོ་གཉེར་བྱས་པའི་རྒྱལ་ཡོངས་ཀྱི་ཏང་སྐྱོང་སྤྲིན་སྟེགས་མ་ལག་དངོས་སུ་ཤར་གཏོང་བྱས།
         2014ལོའི་ཟླ་9ཚེས་29ཉིན། ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་དྲ་བས"སློབ་སྦྱོང་གི་ལམ་དུ་——སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དྲ་སྦྲེལ་གྲངས་མཛོད་ཆེ་གྲས"འཛུགས་སྐྱོང་གི་དྲ་ཞུགས་མཛད་སྒོ་གཉེར། འདི་ནི་འབྲེལ་མཐུད་དྲ་སྦྲེལ་ཐོག་གི་གྲངས་མཛོད་རྣམ་པ་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་དྲིལ་སྒྲོག་བྱེད་པའི་ཆེད་བསྒྲིགས་ལེ་ཚན་ཐོག་མ་རེད།
         2015ལོའི་ཟླ་9ཚེས་3ཉིན་གྱི་དམག་གཟིགས་མཛད་སྒོ་ཆེ་མོའི་གསར་འགོད་ཁྲོད། མི་དམངས་དྲ་བས་མི་དམངས་སྐུད་ཐོག་སོགས་དང་མཉམ་འབྲེལ་བྱས་ཏེ"དྲ་དམངས་ཀྱི་བསམ་ཚུལ་འགྲེམས་སྟོན"ཞེས་པའི་གྲངས་མཛོད་སྤེལ་ཏེ་ཉིན་དེར་ཆུ་ཚོད་4ཡི་རིང་ལ་དྲ་དམངས་ཀྱིས་ཤིན་ལའང་པོད་འཕྲིན་གྱི་སྟེགས་བུ་ནས་དམག་གཟིགས་འབྲེལ་ཡོད་ཀྱི་བརྗོད་གཞིར་དབྱེ་ཞིབ་བྱས་པ་འཚོལ་བསྡུ་བྱས་ལ། བརྗོད་གཞི་ཀློག་གྲངས་དུང་ཕྱུར་22ལས་བརྒལ་བ་རེད།
         2016ལོའི་ཟླ་2ཚེས་19ཉིན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་དམངས་དྲ་བའི་འཁྲབ་གཏོང་ཁང་དུ་ཕུའུ་ཅན་ཉིང་ཏེ་ཁྲི་ཞི་གྲོང་ཚོར་བཅར་འདྲི་བྱེད་པའི་གསར་འགོད་པ་དང་དྲ་སྦྲེལ་བྱས་ནས་གྲོང་ཚོའི་ལས་བྱེད་མང་ཚོགས་དང་སྐུད་ཐོག་ཏུ་སྤེལ་རེས་གནང་།
         2016ལོའི་ཟླ་7ཚེས་1ཉིན། མི་དམངས་དྲ་བ་དང་། ཀྲུང་གོ་གུང་ཁྲན་ཏང་གི་གསར་འགྱུར་དྲ་བ། ལག་ཁྱེར་ཁ་པར་གྱི་མི་དམངས་དྲ་བ་གསུམ་ཕྱོགས་ཡོངས་ནས་པར་ངོས་བཅོས་སྒྲིག་བྱས།
      

    ཕྱོགས་བསྡུས་གསར་འགྱུར།