འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་གྱི་བཞུགས་མོལ་ཚོགས་
    འདུ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 17:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་18ཉིན་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་གྱི་བཞུགས་མོལ་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
        སུན་ཁྲུན་ལན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་སྤེལ་རྒྱུ་དེ་ནི་བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་ལ་དཀྲིས་པའི་ལས་འགན་གསར་པ་ཞིག་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཡིན་པའི་དམངས་གཙོའི་ཏང་ཤོག་ཁག་གིས་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ནང་ཞུགས་པའི་བྱེད་ཐབས་གསར་པ་ཞིག་ཀྱང་རེད་ཅེས་ནན་བཤད་གནང་བ་རེད།
        སུན་ཁྲུན་ལན་གྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ནི་རང་རྒྱལ་གྱི་ཏང་མང་མཉམ་ལས་ལམ་ལུགས་ཀྱི་ལེགས་ཆ་མངོན་པའི་ལག་ལེན་གསར་པ་ཞིག་དང་། དམངས་གཙོའི་ལྟ་སྐུལ་གྱི་འཚོལ་ཞིབ་གསར་པ་ཞིག དམངས་གཙོའི་ཏང་ཤོག་གི་སྲིད་ཞུགས་སྲིད་གྲོས་ཀྱི་ནུས་པ་མངོན་པ་དང་མཐོ་རུ་གཏོང་བའི་ལས་སྟེགས་གསར་པ་ཞིག་བཅས་རེད། དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་གིས་ས་ཁུལ་དབུལ་པོ་དང་མང་ཚོགས་དབུལ་པོའི་ཁྲོད་བསྐྱོད་ནས་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། དབུལ་སྒྲོལ་འགག་སྒྲོག་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་མཛད་ཇུས་གལ་ཆེན་དང་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་ཚུལ་ཤེས་རྟོགས་བྱས་ཏེ། གནད་དོན་དུས་ཐོག་ཏུ་ཤེས་རྟོགས་དང་དགེ་མཚན་ལྡན་པའི་བསམ་འཆར་བཏོན་ཏེ་ས་གནས་ཏང་ཨུད་སྲིད་གཞུང་གིས་དེ་བས་ལེགས་པའི་སྒོ་ནས་དབུལ་སྐྱོར་ལས་འགན་ལེགས་སྒྲུབ་བྱ་རྒྱུར་རོགས་རམ་བྱས་ཏེ། དམངས་གཙོ་ལྟ་སྐུལ་གྱི་བརྒྱུད་རིམ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུའི་བརྒྱུད་རིམ་དུ་འགྱུར་རྒྱུ་དང་། སྲིད་ཇུས་དོན་འཁྱོལ་ལ་སྐུལ་འདེད་གཏོང་རྒྱུའི་བརྒྱུད་རིམ་དུ་འགྱུར་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
        སུན་ཁྲུན་ལན་གྱིས་འབྲེལ་ཡོད་ཕྱོགས་ཁག་གིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམངས་གཙོའི་ལྟ་སྐུལ་ལས་དོན་ལ་ངོས་འཛིན་བྱེད་ཚད་ཟབ་ཏུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་ཆ་འཕྲིན་མཁོ་འདོན་དང་། སྲིད་ཇུས་ལན་འདེབས། བརྟག་ཞིབ་རྟོག་ཞིབ་སོགས་ཐད་རྒྱབ་སྐྱོར་བྱས་ནས། ཐུན་མོང་ཐོག་འབྲེལ་ཡོད་ཀྱི་གནད་དོན་ཞིབ་འཇུག་ཐག་གཅོད་བྱེད་པ་དང་ལས་ཀའི་སྤུས་ཚད་དང་ཆུ་ཚད་མཐོ་རུ་བཏང་སྟེ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་རྒྱུར་ལེགས་སྐྱེས་གསར་པ་འབུལ་དགོས་པའི་བླང་བྱ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།