འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སའི་མི་རིགས་ཁག་གི་མི་སྣས་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་ཚོགས་འདུ་
    འཚོགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 17:50】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གུང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན། རྒྱལ་ཡོངས་སྲིད་གྲོས་མི་རིགས་དང་ཆོས་ལུགས་ལས་དོན་ཨུ་ལྷན། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་ཚེས་18ཉིན་མི་དམངས་ཚོགས་ཁང་ཆེ་མོར་རྒྱལ་སའི་མི་རིགས་ཁག་གི་མི་སྣའི་དཔྱིད་གསར་དུས་ཆེན་བསུ་བའི་ཇ་སྟོན་ཚོགས་འདུ་འཚོགས་པ་དང་རྒྱལ་སའི་མི་རིགས་ཁག་གི་གྲོགས་པོ་600ལྷག་ཙམ་གྱིས་མཛའ་བརྩེ་ལྷུག་གླེང་བྱས་ནས་དཔྱིད་གསར་དུས་ཆེན་ལ་བསུ་བ་ཞུས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་སུན་ཁྲུན་ལན་ཇ་སྟོན་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།
    སུན་ཁྲུན་ལན་གྱིས་2016ལོ་ནི་རང་རྒྱལ་གྱི་མི་རིགས་བྱ་གཞག་ལ་གཡུར་ཟའི་གྲུབ་འབྲས་ཐོབ་པའི་ལོ་ཞིག་རེད། བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་མི་རིགས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་བ་དང་འབྲེལ་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་འཕེལ་རྒྱས་ཀྱི་ཁ་ཕྱོགས་གསལ་སྟོན་གནང་ཡོད། མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱིས་བློ་སེམས་གཅིག་སྒྲིལ་ངང་འབད་འཐབ་བྱས་ནས་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་བའི་དུས་བབ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད་ཅེས་གསུངས་པ་རེད།
    སུན་ཁྲུན་ལན་གྱིས་2017ལོར་ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོག་རྒྱུ་ཡིན་ཞིང་། དེ་ནི་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་རེད། 
         བློ་མཐུན་ཞིས་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་མི་རིགས་གནད་དོན་ཐག་གཅོད་བྱེད་པའི་ཡང་དག་ལམ་བུའི་ཐོག་བསྐྱོད་དེ། མི་རིགས་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་གལ་ཆེན་སྔར་བས་ལག་བསྟར་དོན་འཁྱོལ་བྱེད་པ་དང་། མི་རིགས་ས་ཁོངས་རང་སྐྱོང་ལམ་ལུགས་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་གཏོང་བ། མི་རིགས་ཁག་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ། མི་རིགས་ས་ཁུལ་གྱི་ཕྱོགས་ཡོངས་ཀྱི་འབྱོར་འབྲིང་འཕེལ་རིམ་མགྱོགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་བ། རང་རྟོགས་ངང“འདུ་ཤེས་བཞི”མི་རིགས་ལས་དོན་གྱི་ཕྱོགས་ཁག་ནང་ལག་བསྟར་ཐུབ་པ་བཅས་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཀྱི་ཐོག་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
        རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་བྱམས་པ་ཕུན་ཚོགས་ཀྱིས་ཇ་སྟོན་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དབང་ཀྲེང་ཝུའེ་དང་། མཱ་པེའོ། ཆི་ཤུས་ཁྲུན་སོགས་ཇ་སྟོན་ཚོགས་འདུར་ཕེབས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།