འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོ་གཉེར་
    རྒྱུར་སྐུལ་ལྕག་གཏོང་བ་དང་དམངས་གཉེར་སློབ་གསོ་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་
    འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 17:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་དུས། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་《སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོ་གཉེར་རྒྱུར་སྐུལ་ལྕག་གཏོང་བའི་དང་དམངས་གཉེར་སློབ་གསོ་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་འགའ་ཞིག་》(གཤམ་དུ་《བསམ་འཆར་》ཞེས་བསྡུ་རྒྱུ་)པར་འགྲེམས་བྱས་ནས་དམངས་གཉེར་སློབ་གསོའི་སྒྱུར་བཅོས་འཕེལ་རྒྱས་ཐད་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
        《བསམ་འཆར་》ནང་། སྒྱུར་བཅོས་སྒོ་དབྱེ་བྱས་ཚུན་དམངས་གཉེར་སློབ་གསོ་རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་ཕྱིན་པ་དང་། སློབ་གསོའི་ཞབས་ཞུའི་མཁོ་སྤྲོད་ནུས་ལྡན་ངང་ཆེ་རུ་ཕྱིན་ཏེ་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ལེགས་སྐྱེས་ཕུལ་བས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་བྱ་གཞག་གི་གྲུབ་ཆ་གལ་ཆེན་དུ་གྱུར་ཡོད། དམངས་གཉེར་སློབ་གསོ་འཕེལ་རྒྱས་གཏོང་བར“མི་སྐྱོང་རྒྱུ་རྩ་བར་འཛིན་པ་དང་ཀུན་སྤྱོད་ཀྱི་སློབ་གསོ་སྔོན་ལ་འཇོག་པ་དང་། རིགས་དབྱེའི་དོ་དམ་དང་སྤྱི་ཕན་སྟོན་ཕྱོགས་སུ་བྱེད་པ། ཁོར་ཡུག་ལེགས་གཏོང་དང་ཕྱོགས་བསྡུས་ངང་བྱེད་ཐབས་ལག་བསྟར་བྱེད་པ། ཁྲིམས་ལྟར་དོ་དམ་དང་སློབ་གཉེར་ཚད་ལྡན་དུ་གཏོང་བ། སྒྱུར་བཅོས་ལ་སྐུལ་ལྕག་དང་གོང་འོག་མཉམ་འགུལ་བྱེད་པ”བཅས་ཀྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས་ཞེས་བསྟན་ཡོད།
         《བསམ་འཆར་》ནང་། སྤྱི་ཚོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སློབ་གསོ་གཉེར་རྒྱུར་སྐུལ་ལྕག་གཏོང་བ་དང་དམངས་གཉེར་སློབ་གསོ་སྐྱོན་བྲལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་ནི་མིག་སྔ་དང་ཕུགས་ལ་ཕན་པའི་ལས་འགན་གལ་ཆེན་ཞིག་ཡིན། ས་གནས་དང་སྡེ་ཚན་ཁག་གིས་སྔར་བས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་ཏན་ཏིག་རྒྱག་པ། ས་གནས་ཀྱི་དོན་དངོས་དང་མཐུན་པའི་ལག་བསྟར་བསམ་འཆར་དང་ལེ་ལག་ཚང་བའི་བྱེད་ཐབས་དམ་འཛིན་བྱས་ནས། འདོན་པ་བཅས་བྱས་ཏེ། སྲིད་ཇུས་བྱེད་ཐབས་ཁག་བརྟན་ལ་གོ་རིམ་ལྡན་པའི་ངང་དོན་འཁྱོལ་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་བཤད་བྱས་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།