འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་20ཉིན།
  • མི་དམངས་དྲ་བ།

    ༄༅།།དྲོད་སྐྱིད་ལྡན་པའི་ཕ་ཡུལ་ལ་ལོག་པའི་ལམ་དུ། ཚོན་མདོག་སྣ་ལྔའི་ཁ་བཏགས་དལ་གྱིས་སྐྱོད་པ། 

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་20ཉིན། 12:32】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།དྲོད་སྐྱིད་ལྡན་པའི་ཕ་ཡུལ་ལ་ལོག་པའི་ལམ་དུ། ཚོན་མདོག་སྣ་ལྔའི་ཁ་བཏགས་དལ་གྱིས་སྐྱོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་17ཉིན། ལྷ་སའི་མེ་འཁོར་འབབ་ཚིགས་ཀྱི་ཚོན་མདོག་སྣ་ལྔའི་ཁ་བཏགས་འགྲུལ་པར་ཞབས་ཞུ་ལྟེ་གནས་ཀྱི་ལས་སྒྲུབ་མི་སྣས་འགྲུལ་པ་དང་སྤེལ་རེས་བྱེད་བཞིན་པ། ལྷ་ས་ནི་རྒྱལ་ཡོངས་སུ་བདེ་སྐྱིད་ཆེ་ཤོས་ལྡན་པའི་གྲོང་ཁྱེར་ཞིག་ཡིན་ཞིང་། མི་ཧ་ཅང་མང་པོས་བོད་ལྗོངས་སུ་ལས་ལ་བྲེལ་བ་ལོ་གཅིག་རིང་བྱས་མཐར། གྲུབ་འབྲས་ཐོབ་པ་ནི་རྒྱུ་ནོར་ཙམ་ཡིན་པ་མ་ཟད། ད་དུང་སེམས་སུ་བདེ་སྐྱིད་དང་དགའ་སྤྲོ་ཡིས་ཁེངས་ཡོད། དཔྱིད་གསར་སྐྱེལ་འདྲེན་བྱེད་རིང་ལྷ་སའི་མེ་འཁོར་འབབ་ཚིགས་ཀྱི་རྣམ་པས་བྲེལ་འཚུབ་ངང་ནང་ལ་ལོག་པའི་འགྲུལ་པ་ཚོར་དྲོ་སྐྱིད་ལྡན་པའི་ཚོར་བ་དེ་བས་སྐྱེས་སུ་འཇུག་བཞིན་ཡོད། ལྷ་སའི་མེ་འཁོར་འབབ་ཚིགས་ཀྱི་ཚོན་མདོག་སྣ་ལྔའི་ཁ་བཏགས་འགྲུལ་པར་ཞབས་ཞུ་ལྟེ་གནས་ནི་མེ་འཁོར་འབབ་ཚིགས་ཀྱི་འགྲུལ་པ་སྐྱེལ་འདྲེན་ཞབས་ཞུ་བྱེད་འགན་འཁུར་བའི་སྡེ་ཁག་གལ་ཆེན་ཞིག་ཡིན་ཞིང་། ལྟེ་གནས་འདིས་ལོ་ན་རྒན་པ་དང་། གཟུགས་ཞན། ནད་པ། དབང་པོ་སྐྱོན་ཅན། སྦྲུལ་མ་སོགས་འགྲུལ་པ་བདེ་བླག་ངང་མེ་འཁོར་ལ་སྡོད་ཐུབ་པར་བྱེད་ཆེད་མངགས་རྐུབ་སྟེགས་འཁོར་ལོ་ཅན་དང་། གསོ་རླུང་བླུགས་སྣོད། སྨན་བཅོས་མྱུར་སྐྱོབ་མཁོ་ཆས་སོགས་གྲ་སྒྲིག་བྱས་ཡོད་ཅིང་། འགྲུལ་པ་རྣམས་ལ་ཞབས་འདེགས་ཡག་པོ་ཞུ་བཞིན་ཡོད་པས། མི་རྣམས་ཀྱིས་མཛའ་བརྩེ་ལྡན་པའི་ངང་ནས“ཚོན་མདོག་སྣ་ལྔའི་ཁ་བཏགས”ཞེས་འབོད་ཀྱི་ཡོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།དྲོད་སྐྱིད་ལྡན་པའི་ཕ་ཡུལ་ལ་ལོག་པའི་ལམ་དུ། ཚོན་མདོག་སྣ་ལྔའི་ཁ་བཏགས་དལ་གྱིས་སྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།