འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་ཨས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་གོ་སྐབས་གསར་
    པ་ཐོབ་སྲིད་ཅེས་རིགས་གཅིག་མཁས་ཅན་གྱིས་བཤད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉིན་ཤས་གོང་འཛམ་གླིང་དངུལ་ཁང་གི་དེ་སྔའི་དབུ་བཞུགས་དཔལ་འབྱོར་རིག་པ་མཁས་ཅན་པེ་ཅིང་སློབ་ཆེན་གྱི་དགེ་རྒན་ཆེ་མོ་བ་ལིན་དབྱི་ཧྥུའུ་ཡིས་ཉིའུ་གཡོད་དུ་ཨ་རིའི་ཙུང་ཐུང་ཐེ་རོན་ཕུས་སྲིད་སྐྱོང་རྩ་འཛིན་ནང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་དཔལ་འབྱོར་མྱུར་ཚད་འཕར་རྒྱུར་གལ་འགངས་ཆེ་བའི་ནུས་པ་ལྡན་ཚུལ་ནན་བཤད་བྱས་ཡོད། དེ་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་འོག་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱིས་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འདུ་ཤེས་དང་མཐུན་གཞི་ཆེ་བས། ཁྱབ་ཁོངས་དེའི་མཉམ་ལས་ལ་ཀྲུང་ཨ་རྒྱལ་ཁབ་གཉིས་ལ་མི་མངོན་པའི་ནུས་ཤུགས་ཆེན་པོ་ལྡན་ཡོད་ཅེས་བཤད།
        དེ་ཉིན་ལིན་དབྱི་ཧྥུས་ཉིའུ་གཡོད་དུ་འཚོགས་པའི“2017ལོའི་ཀྲུང་གོའི་དཔལ་འབྱོར་ལ་རྒྱང་ལྟ་བྱེད”ཅེས་པའི་གླེང་སྟེགས་ཐོག་རྒྱལ་སྤྱིའི་དངུལ་རྩའི་ཉམས་ཉེན་ཐོན་པ་ནས་ད་བར། ཀྲུང་གོས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཕེལ་རྒྱས་ཤུགས་ཆེན་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱདཔ་བརྒྱུད། གོ་ལ་ཧྲིལ་པོའི་དཔལ་འབྱོར་ཉམས་ཞན་གྱི་ཁོར་ཡུག་འོག་དཔལ་འབྱོར་བརྟན་པོའི་ངང་འཕར་ཐུབ་པ་བྱས་ཡོད། ཀྲུང་གོས་འདུ་ཤེས་དེ་ཉིད་མུ་མཐུད་འཛིན་པ་དང་འབྲེལ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨེ་ཤེ་ཡ་རྨང་གཞིའི་སྒྲིག་བཀོད་མ་འཇོག་དངུལ་ཁང་སོགས་ཀྱི་ལས་སྟེགས་སྤྱད་དེ། འཛམ་གླིང་དང་ལྷག་པར་དུ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་ཉམས་མྱོང་དེ་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཞེས་བཤད་པ་རེད།
        དེ་དང་ཆབས་ཅིག་ལིན་དབྱི་ཧྥུས་བདམས་ཐོན་འགྲན་རྩོད་ནང་། རྨང་གཞིའི་སྒྲིག་བཀོད་སྤྱད་དེ“ཨ་རི་སླར་ཡང་སྟོབས་ཆེར་གཏོང་རྒྱུ”དང་རྨང་གཞིའི་སྒྲིག་བཀོད་དེ་དཔལ་འབྱོར་འཕར་བ་བྱེད་པའི་སྒུལ་ཤུགས་གལ་ཆེན་དུ་འགྱུར་བ་བྱ་རྒྱུ་ཡིན་པ་ཐེ་རོན་ཕུས་ཐེངས་མང་བརྗོད་ཡོད། དེས་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་མ་འཇོག་དང་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་ཕན་པ་ཡོད་པ་མ་ཟད། རྨང་གཞིའི་སྒྲིག་བཀོད་ཁྱབ་ཁོངས་ཐད་འཇུར་མིག་གི་དཀའ་ངལ་འཕྲད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་མང་པོར་དགོས་ངེས་ཀྱི་རོགས་རམ་མཁོ་འདོན་བྱ་རྒྱུ་རེད།
        “2017ལོར་ཀྲུང་གོའི་དཔལ་འབྱོར་ལ་རྒྱང་ལྟ་བྱེད”ཅེས་པའི་གླེང་སྟེགས་དེ་ནི་ཨ་ཀྲུང་འབྲེལ་བའི་རྒྱལ་ཡོངས་ཨུ་ལྷན་དང་པེ་ཅིང་སློབ་ཆེན་ཀྲུང་གོ་དཔལ་འབྱོར་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཉེར་བ་ཞིག་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།