འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མ་ལེ་ཞི་ཡའི་དུས་གཏན་གནམ་གྲུ་370ཡི་ཆག་རོ་གཏན་འཁེལ་ས་ཁོངས་སུ་འཚོལ་བའི་
    ལས་དོན་མཐའ་མའི་དུས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 14:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མ་ལེ་ཞི་ཡའི་འགྲིམ་འགྲུལ་པུའི་པུའུ་ཀྲང་ལིའོ་ཀྲུང་ལའེ་ཡིས་མ་ལེ་ཞི་ཡའི་དུས་གཏན་གནམ་གྲུ་370ཡི་ཆག་རོ་འཚོལ་བའི་ལས་ཀའི་འཕེལ་རིམ་སྐོར་གླེང་སྐབས། མ་ལེ་ཞི་ཡ་དང་། ཨོ་སི་ཁྲུ་ལི་ཡ། ཀྲུང་གོ་བཅས་ཕྱོགས་གསུམ་པོས་ལྷོ་ཧིན་རྡུ་རྒྱ་མཚོའི་སྤྱི་ལེ་ངོས་གྲུ་ཁྲི་12ཡི་གཏན་འཁེལ་ས་ཁོངས་སུ་འཚོལ་བའི་ལས་དོན་ཕལ་ཆེར་གཟའ་འཁོར་གཉིས་ནས་མཇུག་འགྲིལ་རྒྱུ་རེད་ཅེས་བཤད།
       མ་ལེ་ཞི་ཡའི་རྒྱལ་ཁབ་གསར་འགྱུར་ཁང་གིས་ལིའོ་ཀྲུང་ལའེ་ཡི་སྐད་ཆ་དྲངས་ནས། ད་ལྟའི་ཆར་མ་ལེ་ཞི་ཡའི་དུས་གཏན་གནམ་གྲུ་370འཚོལ་བའི་ལས་དོན་དེ“མཐའ་མའི་གདོང་ལེན་དུས”སུ་སླེབས་ཤིང་། མ་ལེ་ཞི་ཡ་དང་། ཨོ་སི་ཁྲུ་ལི་ཡ། ཀྲུང་གོ་བཅས་རྒྱལ་ཁབ་གསུམ་པོའི་སྲིད་གཞུང་གིས་འཚོལ་ཞིབ་བྱས་པའི་སྙན་ཞུ་སྒུག་བཞིན་ཡོད་པ་དང་སྙན་ཞུ་དོན་རྗེས་ཕྱོགས་གསུམ་པོའི་ཚོགས་འདུ་འཚོགས་ནས་མུ་མཐུད་འཚོལ་མིན་གཏན་འཁེལ་བྱ་རྒྱུ་དང་།ཕྱོགས་གསུམ་པོའི་པུའུ་ཀྲང་ཚོགས་འདུ་དེ་ཟླ་དང་པོའི་ཟླ་མཇུག་གོང་འཚོགས་ཐུབ་བཟོ་ཡོད་ཅེས་བཤད།
       ཨོ་སི་ཁྲུ་ལི་ཡའི་སྐྱེལ་འདྲེན་བདེ་འཇགས་ཅུས་ཀྱིས་2016ལོའི་ཟླ་12ཚེས་20ཉིན་སྙན་ཞུ་ཁྱབ་བསྒྲགས་བྱས་པའི་ནང་། སྔོན་ནས་གཏན་འཁེལ་བྱས་པའི་འཚོལ་ཁོངས་སུ་གནམ་གྲུའི་ཆག་རོ་རྙེད་བཟོ་མེད་པ་དང་། འཚོལ་ཁོངས་ཀྱི་བྱང་རྒྱུད་ལ་གནམ་གྲུའི་ཆག་རོ་རྙེད་བཟོ་ཧ་ཅང་ཆེན་པོ་ཡོད་ཅེས་འཁོད་ཅིང་། ལིའོ་ཀྲུང་ལའེ་ཡིས་ད་ལྟའི་བར་ཚོད་རྩིས་མང་པོ་བྱས་ཡོད། འོན་ཀྱང་དཔང་རྟགས་ཁུངས་འཕེར་བྱུང་ཚེ་གཞི་ནས་གོམ་སྟབས་རྗེས་མར་འཚོལ་ཐབས་ཇི་ལྟར་བྱ་རྒྱུ་གཏན་ལ་འབེབས་ཐུབ་ཅེས་བཤད།
       2016ལོའི་ཟླ་7ཚེས་22ཉིན་མ་ལེ་ཞི་ཡ་དང་། ཨོ་སི་ཁྲུ་ལི་ཡ།ཀྲུང་གོ་བཅས་ཕྱོགས་གསུམ་པོའི་པུའུ་ཀྲང་གི་ཚོགས་འདུའི་ཐོག་མཉམ་དུ་སྤྱི་བསྒྲགས་སྤེལ་བའི་ནང་། སྔོན་ལ་གཏན་འཁེལ་གྱི་འཚོལ་ཁོངས་སྤྱི་ལེ་ངོས་གྲུ་ཁྲི་12ནས་མ་ལེ་ཞི་ཡའི་དུས་གཏན་གནམ་གྲུ་370ཡི་ཆག་རོ་མ་རྙེད་པའི་ཁར་དཔང་རྟགས་ཁུངས་འཕེར་བ་གསར་པ་སྟོན་རྒྱུ་མེད་ན། འཚོལ་བའི་བྱ་སྤྱོད་མཚམས་འཇོག་བྱ་རྒྱུ་ཡིན་པ་འཁོད་ཡོད།
       2014ལོའི་ཟླ་3ཚེས་8ཉིན་འགྲུལ་པ་239བླུགས་པའི་མ་ལེ་ཞི་ཡའི་རྒྱལ་ས་ཅི་ལུང་ཕོ་ནས་པེ་ཅིང་དུ་འཕུར་བའི་མ་ལེ་ཞི་ཡའི་དུས་གཏན་གནམ་གྲུ་370འབྲེལ་བ་ཆད་པ་རེད། 2015ལོའི་ཟླ་1ཚེས་29ཉིན་མ་ལེ་ཞི་ཡའི་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་དུས་གཏན་འགྲུལ་སྐྱེལ་གནམ་གྲུ་དེ་འབྲེལ་བ་ཆད་པ་ཁྱབ་བསྒྲགས་བྱས་པ་དང་། གནམ་གྲུར་བསྡད་མཁན་ཚང་མ་རྐྱེན་ལམ་དུ་སོང་བ་ཚོད་སྐོར་གཏན་འཁེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།