འཚོལ་བཤེར།   
藏文频道
2017ལོའི་ཟླ་1ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།མགྱོགས་གྲུ་ཨང་དང་པོ་ཀ་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆུང་གྲས་ཀྱིས"འཕུར་
    མདའ་གཅིག་དང་སྲུང་སྐར་གསུམ"འཕེན་གཏོང་མངོན་འགྱུར་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 01ཚེས་10ཉིན། 13:22】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མགྱོགས་གྲུ་ཨང་དང་པོ་ཀ་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆུང་གྲས་ཀྱིས'འཕུར་
མདའ་གཅིག་དང་སྲུང་སྐར་གསུམ'འཕེན་གཏོང་མངོན་འགྱུར་བྱུང་བ།
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་9ཉིན་གྱི་ཆུ་ཚོད་12དང་སྐར་མ་11ཐོག ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རང་རྒྱལ་གྱིས་མགྱོགས་གྲུ་ཨང་དང་པོ་ཀ་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆུང་གྲས་སྤྱད་ནས་ཅི་ལིན་ཨང་དང་པོ་སྤྱོད་བདེ་བརྙན་ཟློས་སྲུང་སྐར་03པ་འཕེན་གཏོང་ལེགས་འགྲུབ་བྱས་པ་དང་དུས་མཚུངས་སུ་སྤྲིན་རྒྱུ་ཚོད་ལྟ་ཨང་དང་པོ་དང་ཁའེ་ཏུན་ཨང་དང་པོ་སྲུང་སྐར་གྲུ་བཞི་མ་གཉིས་ཞོར་འདྲེན་འཕེན་གཏོང་ལེགས་འགྲུབ་བྱས་པ་རེད། ཐེངས་འདིའི་ལས་འགན་སྒྲུབ་པར་ཚོང་ལས་ཁོ་ནའི་གན་རྒྱ་འཇོག་ཐབས་ལག་ལེན་བསྟར་བ་དང་། ཡོངས་སུ་ཚོང་རའི་བྱ་སྤྱོད་ལྟར་འཁོར་སྐྱོད་བྱས་པས། དེ་ནི་མགྱོགས་གྲུ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའི"ཚོང་ལས་གན་རྒྱ་དང་པོ"ཡིན་ཞིང་། དེས་ཚོང་ལས་མཁའ་འགྲུལ་ཁྱབ་ཁོངས་སུ་རང་རྒྱལ་གྱིས་གོམ་པ་གསར་པ་ཞིག་སྤོས་པ་མཚོན་ཡོད་པ་རེད།
    ༄༅།།མགྱོགས་གྲུ་ཨང་དང་པོ་ཀ་པ་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཆུང་གྲས་ཀྱིས'འཕུར་
མདའ་གཅིག་དང་སྲུང་སྐར་གསུམ'འཕེན་གཏོང་མངོན་འགྱུར་བྱུང་བ།
      

    ཕྱོགས་བསྡུས་གསར་འགྱུར།