འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ཐད་ཀྲུང་གོས་མདུན་གྲལ་དུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12པའི་ཟླ་དཀྱིལ་དུ་མོ་ཞི་ཁོའི་ཁན་ཁུན་དུ་འཚོགས་པའི་《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅུ་གསུམ་པ་(གཤམ་ལ་ཁན་ཁུན་ཚོགས་ཆེན་ཞེས་བསྡུ་རྒྱུ་)གྲོལ་བ་རེད། ད་རེས་ཀྱི་ཚོགས་ཆེན་ཐོག་ཀྲུང་གོར་2020ལོར་《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》ཀྱི་ཆིངས་ཡིག་འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་ཐེངས་བཅོ་ལྔ་པ་གཉེར་རྒྱུའི་དབང་ཆ་རག་པ་དེ་ནི་ཀྲུང་གོས་ཚོགས་ཆེན་དེ་གཉེར་ཐེངས་དང་པོ་རེད།
        《སྐྱེ་དངོས་སྣ་མང་རང་བཞིན་གྱི་སྤྱི་ཆིངས་》ནི་ས་གོ་ལའི་སྐྱེ་དངོས་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་རྒྱལ་སྤྱིའི་རང་བཞིན་གྱི་སྤྱི་ཆིངས་ཤིག་ཡིན་པ་དང་དེ་ནི་《གནམ་གཤིས་འགྱུར་ལྡོག་སྒྲོམ་གཞིའི་སྤྱི་ཆིངས་》དང་《མྱ་ངམ་ཐང་དུ་འགྱུར་རྒྱུ་འགོག་བཅོས་བྱེད་པའི་སྤྱི་ཆིངས་》བཅས་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་སྤྱི་ཆིངས་ཆེ་གྲས་གསུམ་ཞེས་བརྗོད་ཀྱི་ཡོད། “སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་སྐར་མ་གོ་ལ་སྲུང་སྐྱོང་བྱེད་པ་ཞིག་ཡིན”ཞེས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཁོར་ཡུག་འཆར་འགོད་ཧྲུའུ་ཡི་ལག་བསྟར་ཀྲུའུ་རེན་གཅིག་ལྕོགས་ཨའེ་ལི་ཁེ་·སོའར་ཧའེ་མུའུ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་བརྗོད་བྱུང་།
        འགོ་འཛུགས་མཛད་སྒོའི་ཐོག་མོ་ཞི་ཁོའི་ཙུང་ཐུང་ཕེ་ཉི་ཡས“སྐྱེ་དངོས་སྣ་མང་རང་བཞིན་ཉམས་རྒུད་དུ་འགྲོ་རྒྱུ་བཀག་འགོག་བྱ་ཆེད་ང་ཚོས་ངེས་པར་དུ་འཚོ་བ་སྐྱེལ་སྟངས་ལ་འགྱུར་ལྡོག་གཏོང་དགོས་ཤིང་། དེ་ལྟར་མ་བྱས་ཚེ་གྱོང་གུན་དེ་རིགས་ཀྱིས་ང་ཚོའི་འཚོ་བར་འགྱུར་ལྡོག་གཏོང་སྲིད”ཅེས་ནན་བཤད་བྱས་པ་རེད།
        ཁན་ཁུན་ཚོགས་ཆེན་རིང་ཀྲུང་གོའི་སྐུ་ཚབ་ཚོགས་པས་ཞོར་ཚོགས་ཤིག་འཚོགས་པའི་བརྗོད་གཞི་ནི“ཀྲུང་གོའི་TEEBབྱ་སྤྱོད་དང་ས་གནས་ཀྱི་ལག་ལེན”ཞེས་པ་དེ་རེད། TEEBཀྱི་མིང་ཡོངས་ལ“སྣོད་བཅུད་མ་ལག་གི་ཞབས་ཞུ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་དཔལ་འབྱོར་རིག་པ”ཞེས་བརྗོད་པ་དང་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་འཆར་འགོད་ཧྲུའུ་ཡིས་2008ལོར་འགོ་བཙུགས་ཏེ་བཏོན་པའི་རྒྱལ་སྤྱིའི་གྲོས་འགོ་ཞིག་ཡིན་པ་དང་སྣོད་བཅུད་མ་ལག་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིན་ཐང་ལ་ཚོད་རྩིས་བྱས་པ་བརྒྱུད་སྤྱི་ཚོགས་ལས་རིགས་ཁག་གིས་དེའི་གལ་ཆེའི་རང་བཞིན་ཤེས་རྟོགས་ཐུབ་རྒྱུར་རོགས་རམ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་དེ་རྒྱལ་ཁབ་དང་། སྡེ་ཚན། ས་གནས་བཅས་ཀྱི་འབྲེལ་ཡོད་ལས་དོན་ནང་འཇུག་རྒྱུར་སྐུལ་མ་བཏང་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་གཙོ་རྒྱུན་ཞིག་ཆགས་པ་བྱ་རྒྱུ་དེ་རེད།
        ཐེངས་དེའི་ཞོར་ཚོགས་ཐོག་ཀྲུང་གོའི་ཡུན་ནན་ཕུའར་གྲོང་ཁྱེར་ཅིང་ཏུང་རྫོང་གི་ཉམས་མྱོང་ལ་ཚོགས་ཞུགས་རྒྱལ་ཁབ་ཁག་གི་སྐུ་མགྲོན་ཚོའི་ཚད་མཐོའི་ཁས་ལེན་ཐོབ་ཡོད་པ་རེད།
       ཁོར་ཡུག་སྲུང་སྐྱོང་བྱ་ཆེད་ཅིང་ཏུང་གི་ལོ་གཅིག་གི་བཟོ་ལས་ཐོན་རྫས་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་20ཉུང་དུ་འགྲོ་རྒྱུ་ཡིན་ཡང་རྫོང་དེའི་སྣོད་བཅུད་མ་ལག་ཞབས་ཞུ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་རིན་ཐང་ལོ་ལྟར་སྒོར་དུང་ཕྱུར་545.06ཟིན་གྱི་ཡོད་པ་རེད།
        “ཕ་ཚ་བུ་རྒྱུད་ཀྱི་ཆེད་དུ་ང་ཚོས་ངེས་པར་དུ་ཅིང་ཏུང་གི་སྔོ་ཞིང་དྭངས་བའི་རི་ཆུ་སྲུང་སྐྱོང་ཡག་པོ་བྱེད་དགོས”ཞེས་པའི་ཧུའུ་ཆི་ཝུའུ་ཡི་གཏམ་བཤད་ལ་ས་གནས་ས་ཐོག་ཏུ་སྤྲོ་སེམས་འཁོལ་བའི་དགའ་བསུ་ཐོབ་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།