འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགུལ་རིས་པར་གཞི་གསར་རྩོམ་ཇུས་གཞི་བསྡུ་བའི་
    བྱེད་སྒོ་པེ་ཅིང་དུ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 10:46】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་26ཉིན། སྐབས་12པའི་པེ་ཅིང་གི་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་གཟའ་འཁོར་གྱི་དགུན་དུས་ལུས་རྩལ་རྣམ་གྲངས་ཀྱི་འགུལ་རིས་པར་གཞི་གསར་རྩོམ་ཇུས་གཞི་བསྡུ་བའི་(གཤམ་དུ་ཇུས་གཞི་བསྡུ་བ་ཞེས་བསྡུ་རྒྱུ་)ཡོངས་བསྒྲགས་བྱེད་སྒོ་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་འགུལ་རིས་དང་གྲངས་འཛིན་སྒྱུ་རྩལ་སློབ་གླིང་དུ་སྤེལ་བ་རེད།
        ཇུས་གཞི་བསྡུ་བའི་བྱེད་སྒོ་མཇུག་འགྲིལ་བའི་དུས་ཚོད་2017ལོའི་ཟླ་4ཚེས་15ཉིན་གྱི་ཕྱི་དྲོའི་ཆུ་ཚོད་16:00བར་ཡིན་པ་དང་། བསྡུ་བའི་ནང་དོན་གྲས་སུ་གངས་གྲུ་དང་། གངས་འཁོར། གངས་ཤུད་གློད་པ། འཁྱགས་འདྲེད་སྤོ་ལོ། འཁྱགས་ཤུད་གློད་པ། འཁྱགས་ལྟིར། དགུན་དུས་ཀྱི་རྣམ་གྲངས་གཉིས་ཚུད་པ་བཅས་ཀྱི་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དགུན་དུས་ལུས་རྩལ་རྣམ་གྲངས་ཆེ་གྲས་བདུན་ཚུད་ཡོད་པ་དང་། བརྩམས་ཆོས་པར་གཞིའི་རིང་ཚད་སྐར་མ་2ནས་5བར་ཡིན་པ་རེད། ཞིབ་དཔྱད་བྱས་པ་བརྒྱུད་བརྩམས་ཆོས་ནང་ནས་ཇུས་གཞི་10འདེམས་རྒྱུ་དང་། བདམས་ཐོན་བྱུང་བའི་ཇུས་གཞིའི་གསར་རྩོམ་བྱེད་མཁན་གཙོ་བོར་བྱ་དགའ་སྒོར་ཁྲི་1སྤྲོད་རྒྱུ་དང་འབྲེལ་དགུན་དུས་ལུས་རྩལ་རྣམ་གྲངས་ཀྱི་འགུལ་རིས་པར་གཞིའི་གསར་རྩོམ་ཚོགས་པའི་ནང་ཞུགས་རྒྱུའི་གོ་སྐབས་ཐོབ་རྒྱུ་ཡིན་པ་རེད།
        ཇུས་གཞི་བསྡུ་བའི་བྱེད་སྒོའི་གཙོ་གཉེར་ཚན་པ་ནི་པེ་ཅིང་ཨོ་རྩལ་འགྲན་ཚོགས་གྲོང་ཁྱེར་འཕེལ་རྒྱས་སྐུལ་འདེད་ཚོགས་པ་ཡིན་པ་དང་། མཛུབ་ཁྲིད་ཚན་པ་ནི་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གློག་བརྙན་དོ་དམ་ཅུས་དང་། རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དྲིལ་བསྒྲགས་སི། ཀྲུང་གུང་པེ་ཅིང་གྲོང་ཨུད་དྲིལ་བསྒྲགས་པུའུ་བཅས་ཡིན་པ་རེད། རྒྱབ་སྐྱོར་ཚན་པ་ནི་2022ལོའི་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་གསར་འགྱུར་དྲིལ་བསྒྲགས་པུའུ་དང་། རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུས་གློག་བརྙན་སྲུང་སྐར་འཕྲིན་ལམ་ལེ་ཚན་བཟོ་སྒྲིག་ལྟེ་གནས། པེ་ཅིང་གྲོང་ཁྱེར་གསར་འགྱུར་དཔེ་སྐྲུན་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་ཅུས། པེ་ཅིང་གྲོང་ཁྱེར་ལུས་རྩལ་ཅུས། ཀྲུང་དབྱང་གསར་འགྱུར་གནས་ཚུལ་དངོས་མཚོན་གློག་བརྙན་པར་སྐྲུན་བཟོ་གྲྭ(ཚོགས་པ)བཅས་ཡིན་པ་རེད། མཉམ་གཉེར་ཚན་པ་ནི་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་འགུལ་རིས་དང་གྲངས་འཛིན་སྒྱུ་རྩལ་སློབ་གླིང་དང་། པེ་ཅིང་གློག་བརྙན་སློབ་གླིང་འགུལ་རིས་སློབ་གླིང་ཡིན་པ་རེད།
        པེ་ཅིང་ཨོ་རྩལ་འགྲན་ཚོགས་གྲོང་ཁྱེར་འཕེལ་རྒྱས་སྐུལ་འདེད་ཚོགས་པས་གཙོ་གཉེར་བྱས་པའི་པེ་ཅིང་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་གཟའ་འཁོར་དེ་ཉིད་2008ལོའི་ཨོ་རྩལ་འགྲན་ཚོགས་ད་བར་རྒྱུན་འཛིན་བྱེད་མཁན་གྱི་ལུས་རྩལ་རིག་གནས་ཀྱི་རྒྱུ་ནོར་ཞིག་ཡིན་པའི་ཆ་ནས་རྒྱལ་ཁབ་ཕྱི་ནང་གི་ལུས་རྩལ་གློག་བརྙན་བརྙན་འཕྲིན་སྒྱུ་རྩལ་ཆེད་ལས་སྒྲིག་གཞི་དང་རྩ་འཛུགས་དང་མཉམ་ལས་བྱ་རྒྱུར་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་པ་བརྒྱུད། ཀྲུང་གོའི་ལུས་རྩལ་གློག་བརྙན་བརྙན་འཕྲིན་རིག་གནས་གསར་རྩོམ་དང་དར་རྒྱས་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ནས་ཕུལ་བྱུང་གི་ལུས་རྩལ་གློག་བརྙན་བརྙན་འཕྲིན་བརྩམས་ཆོས་རྒྱལ་སྤྱིའི་ཐོག་སྤེལ་རེས་དང་ཁྱབ་སྤེལ་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་2008ལོའི་པེ་ཅིང་ཨོ་རྩལ་འགྲན་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་པ་རེད། 2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་རོགས་སྐྱོར་བྱ་ཆེད་པེ་ཅིང་རྒྱལ་སྤྱིའི་ལུས་རྩལ་གློག་བརྙན་གཟའ་འཁོར་སྒྲིག་འཛུགས་ཨུ་ལྷན་གྱིས་དགུན་དུས་ཀྱི་གངས་འཁྱགས་ལུས་རྩལ་རྣམ་གྲངས་ལ་གཞིགས་ནས“2015ལོའི་འོད་གྲིབ་ཁྲོད་ཀྱི་གངས་འཁྱགས་འཇིག་རྟེན”དང་། “2016ལོའི་འོད་གྲིབ་ཁྲོད་ཀྱི་གངས་འཁྱགས་ཕུགས་འདུན”སོགས་ཀྱི་བརྗོད་བྱ་གཙོ་བོའི་བྱེད་སྒོ་ཇུས་འགོད་བྱས་པ་དང་། རྒྱལ་ཁབ་ཕྱི་ནང་དུ་གངས་འཁྱགས་གློག་བརྙན་བསྟན་པ་དང་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྙན་འཕྲིན་བགྲོ་གླེང་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མང་ཚོགས་ཀྱིས་དགུན་དུས་ལུས་རྩལ་ལ་ཤེས་རྟོགས་དང་དགུན་དུས་ལུས་རྩལ་ལ་དོ་ཁུར་དང་རྒྱབ་སྐྱོར་བྱེད་རྒྱུའི་ཡིད་དབང་བཀུག་སྟེ་གངས་འཁྱགས་ལུས་རྩལ་ཁྱབ་གདལ་དང་ཁྱབ་སྤེལ་གཏོང་རྒྱུར་སྐུལ་འདེད་བཏང་བ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།