འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་1པོ་ནས་11བར་སྤྱི་ཚོགས་ཀྱི་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་200
    ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 10:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཀྲུང་གོ་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ནས་ཤེས་རྟོགས་བྱས་པར། ཟླ་དང་པོ་ནས་བཅུ་གཅིག་པའི་བར་རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་208.8ཟིན་པ་དེ་དུས་མཚུངས་ལས་6.2%འཕར་ཡོད་པ་དང་། ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་0.4འཕར་ཏེ་ཟླ་དང་པོ་ནས་བཅུ་པའི་བར་ལས་བརྒྱ་ཆའི་གྲངས་0.1གིས་མཐོ་བ་ཡོད་པ་རེད། ཟོག་འགྲེམས་ཀྱི་དགོས་མཁོའི་ཐད་བརྟན་ཐོག་ཡར་འཕེལ་གྱི་འཕེལ་རྒྱས་ཀྱི་རྣམ་པ་རྒྱུན་འཁྱོངས་ཐུབ་པ་བྱུང་བ་དང་སྤྱི་ཚོགས་ཀྱི་ཟོག་འགྲེམས་བསྡོམས་འབོར་བརྟན་ལ་མགྱོགས་ཙམ་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་སྟེ་བརྟན་པོའི་ཁྲོད་འཕར་ཐུབ་པ་བྱུང་བ་རེད།
        བཟོ་ལས་ཐོན་རྫས་ཀྱི་ཟོག་འགྲེམས་དགོས་མཁོ་མཐོ་རུ་ཕྱིན་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་བཟོ་ལས་ཐོན་རྫས་ཟོག་འགྲེམས་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་194.5ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་6.0%འཕར་ཡོད། བཟོ་ལས་ཟོག་འགྲེམས་ཀྱི་དགོས་མཁོའི་ནང་ངོས་ནས་བལྟས་ན། གྲུབ་ཆ་ལེགས་སྒྲིག་གི་རྣམ་པ་མངོན་གསལ་དོད་པ་དང་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་གྱི་རྣམ་པ་ལེགས་སུ་ཕྱིན་ཡོད། ཕྱོགས་གཅིག་ནས་ཚོང་ཟོག་ཆེ་གྲས་ཀྱི་ཟོག་འགྲེམས་དགོས་མཁོ་ཆེ་རུ་ཕྱིན་པ་དང་ཕྱོགས་གཞན་ཞིག་ནས་ཕྱོགས་སྒྱུར་རིན་སྤོར་གྱིས་མཚོན་པའི་ཐོན་ལས་གསར་པ་མགྱོགས་མྱུར་འཕེལ་རྒྱས་ཕྱིན་ཡོད། ཟླ་བཅུ་གཅིག་པར་ལག་རྩལ་མཐོ་བའི་ཐོན་ལས་10.6%འཕར་བ་དང་འཕར་ཚད་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.1འཕར་ཡོད་པ་དང་སྒྲིག་ཆས་བཟོ་བསྐྲུན་ལས་རིགས་10.5%འཕར་ནས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.4འཕར་ཡོད་པ་རེད།
         འཛད་སྤྱོད་ཟོག་འགྲེམས་ཀྱི་དགོས་མཁོ་མགྱོ གས་མྱུར་འཕར་རྒྱུ་རྒྱུན་འཁྱོངས་བྱུང་ཞིང་། ཟླ་དང་པོ་ནས་བཅུ་གཅིག་པའི་བར་འཛད་སྤྱོད་ཀྱི་འབྲེལ་ཡོད་ཚན་པ་དང་གྲོང་མིའི་ཐོན་རྫས་ཟོག་འགྲེམས་ཀྱི་བསྡོམས་འབོར་དུས་མཚུངས་ལས་43.8%འཕར་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.8འཕར་ཏེ་40%ཡན་མགྱོགས་མྱུར་འཕར་བའི་རྣམ་པ་རྒྱུན་འཁྱོངས་ཐུབ་ཡོད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།