འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་སེམས་ཀྱི་ཉི་ཟླས་དམིགས་བསལ་དཔལ་འབྱོར་སྐྱེ་དངོས་ཀྱི་དབུལ་སྐྱོར་ལམ་བུ་
    འཚོལ་ཞིབ་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 13:56】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། མཱ་ག་སྤོ་འཛུགས་བྱེད་པའི་དུས་ཚིགས་སུ་ཡུན་ནན་སེམས་ཀྱི་ཉི་ཟླའི་ཡང་ཐང་གྲོང་རྡལ་མཐུན་སྒྲིལ་གྲོང་སྡེ་རུའུ་ལིན་ཚོགས་ཆུང་གི་ཙུའུ་ཀྲང་ནུ་བོས་སྤོ་འཛུགས་བྱས་རྗེས་ཀྱི་མཱ་གའི་མྱུ་གུ་གསོན་ཚུལ་ཞིབ་བཤེར་བྱེད་ཀྱིན་གསར་འགོད་པར“ངས་མཱ་ག་བཏབ་ནས་ལོ་5ཕྱིན་སོང་། གྲོང་ཚོ་ཡོངས་ཀྱི་མི་121ཚང་མས་ན་ནིང་མཱ་ག་བཏབ་པ་དང་དུད་ཚང་ལ་འགན་གཙང་སྤྲད་རྗེས་མང་ཤོས་ཀྱིས་མུའུ་10བཏབ་པ་དང་ཉུང་ཤོས་ཀྱིས་ཀྱང་མུའུ་4ལས་མི་ཉུང་བ་བཏབ་ཡོད”ཅེས་བཤད།
         མཱ་ག་ལ“ལྷོ་ཨ་ཧྥེ་རི་ཁའི་དཀར་པོ་ཆིག་ཐུབ”ཅེས་བརྗོད་པ་དང་2010ལོར་སེམས་ཀྱི་ཉི་ཟླར་ནང་འདྲེན་བྱས་ཡོད། སེམས་ཀྱི་ཉི་ཟླའི་ས་བབ་མཐོ་བ་དང་འཕྲེད་ཐིག་ཏུའུ་27ཙམ་ཟིན་ནས་ཉི་འོད་འཕྲོ་ཤུགས་ཆེ་བ་དང་བསིལ་བས་མཱ་ག་ཐོན་ཡུལ་དངོས་ཀྱི་གནམ་གཤིས་ཁྱད་ཆོས་དང་འདྲ་པོ་ཡོད་སྟབས་མཱ་ག་སྐྱེ་འཚར་བྱེད་པར་ཧ་ཅང་འཚམ་པོ་ཡོད་པ་རེད།
        “གནམ་གཤིས་དང་ས་དབྱིབས་ཀྱི་ཚོད་འཛིན་ཐེབས་ནས་དེ་གའི་ཞིང་ནང་སྐྱེ་དངོས་ལོ་རེར་ཐེངས་རེ་སྨིན་པ་དང་གཙོ་བོ་ནས་དང་ཞོག་ཁོག་སོགས་དྲོད་ཚད་དམའ་བའི་སྐྱེ་དངོས་ཐོན་གྱི་ཡོད”ཅེས་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་མཐོ་རིམ་ཞིང་ལས་ལག་རྩལ་པ་ཐང་ཧྲི་ཝུན་གྱིས་ངོ་སྤྲོད་བྱས་པ་དང་མཱ་ག་ཐོན་སྐྱེད་བྱས་པ་དེས་ས་ཆ་དེ་གའི་སྐྱེ་དངོས་འདེབས་འཛུགས་ཀྱི་གྲུབ་ཆ་ལེགས་སུ་ཕྱིན་པ་མ་ཟད་ཞིང་པའི་ཡོང་འབབ་ཀྱང་འཕར་ཤུགས་ཆེན་པོ་བྱུང་ཡོད་ཅེས་བཤད།
        ཐང་ཧྲི་ཝུན་གྱིས་གསར་འགོད་པར་རྩིས་བརྒྱབ་པ་ལྟར་ན། ནས་མུའུ་རེར་སྤྱི་རྒྱ་200ཐོན་པར་ཐོན་རྫས་རིན་ཐང་སྒོར་740ཟིན་པ་དང་། ཞོག་ཁོག་ཐོན་འབབ་མུའུ་རེར་སྤྱི་རྒྱ་1400ནས་1500བར་ཐོན་པར་ཐོན་རྫས་རིན་ཐང་སྒོར་1600ཙམ་ལས་ཡོང་གི་མེད་པ་རེད། “འོན་ཀྱང་མཱ་ག་མུའུ་རེའི་ཐོན་རྫས་རིན་ཐང་སྒོར་4500ནས་སྒོར་5000བར་ཟིན་གྱི་ཡོད”ཅེས་བཤད་པ་རེད།
        “ང་ཚོས་མཱ་ག་དེ་ཉིད་མཐོ་གྲང་བསིལ་བའི་ས་ཁུལ་གྱི་ཞིང་པའི་དབུལ་སྒྲོལ་དང་ས་གནས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཀྱི་ཁྱད་ལྡན་ཐོན་ལས་ལ་བརྩིས་ནས་ཐོན་སྐྱེད་བྱས་ཡོད”ཅེས་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གི་འགན་ཁུར་བས་བཤད་པ་དང་མཱ་ག་འདེབས་འཛུགས་བྱེད་པར་མ་རྩ་ཆུང་བ་དང་ཕན་འབྲས་ཐོན་མྱུར་བའི་ཁྱད་ཆོས་ལྡན་པས་སེམས་ཀྱི་ཉི་ཟླའི་མཱ་ག་ཐོན་ལས་ཐད་འཕེལ་ཕྱོགས་བཟང་པོ་མངོན་ཡོད།
        མིག་སྔར། ས་ཆ་དེ་གར་མཱ་ག་འདེབས་འཛུགས་བྱེད་མཁན་ཁེ་ལས་དང་ཞིང་པའི་མཉམ་ལས་ཁང་29ཟིན་པ་དང“ཞིང་དུད་དང་། རྟེན་གཞི། ཁེ་ལས། ཚན་རྩལ”བཅས་ཟུང་དུ་སྦྲེལ་བའི་འཕེལ་རྒྱས་དཔེ་དབྱིབས་ལྟར་ས་བོན་འདེམས་པ་དང་། མྱུ་གུ་གསོ་བ། སྤོ་འཛུགས། བསྡུ་ལེན། སྐམ་གསེས། ཞིབ་དཔྱད་ཚད་ལེན། ལས་སྣོན་ཐོན་སྐྱེད་བཅས་ནས་ཕྱིར་ཚོང་བྱེད་པའི་བར་མགོ་མཇུག་གཙང་སྒྲིལ་གྱི་ཐོན་ལས་སྦྲེལ་ཐག་གི་དཔེ་དབྱིབས་ཤིག་ཆགས་ཡོད།
        ནུ་བོ་ནི་དུས་རབས་གསར་པའི་བདེ་ཐང་ཐོན་ལས་ཚོགས་པའི་མཱ་ག་རྟེན་གཞིར་གླས་པ་དང་ཚོགས་པ་དེའི་རྟེན་གཞིར་ལོ་གཅིག་ནང་ས་ཆ་དེ་གའི་ཞིང་པ་ཆིག་སྟོང་ལྷག་ཙམ་ལས་ཞུགས་ཐུབ་ཀྱི་ཡོད། “ས་ཆའི་བོགས་དངུལ་དང་ངལ་རྩོལ་ནུས་ཤུགས་བཏོན་པའི་གླ་ཆ་དེའང་ཞིང་དུད་ཀྱི་ཡོང་འབབ་འབྱུང་ཁུངས་ཡིན། རྩྭ་འགོག་པར་ཆ་མཚོན་ན་མུའུ་རེའི་ལས་མིའི་གླ་ཆ་སྒོར་2000ཙམ་ཟིན་གྱི་ཡོད”ཅེས་ནུ་བོས་བཤད།
        ཐང་ཧྲི་ཝུན་གྱིས་མཱ་ག་ཐོན་ལས་ཀྱི་མདུན་ལམ་ཡག་པོ་ཡོད་པ་དང་སྦྲགས་ཐོན་ལས་འཕེལ་རྒྱས་ཁྲོད་ཀྱང་རྨོངས་ཚོད་ངང་ས་ཆ་བོགས་མར་གཏོང་བ་དང་དུས་ཐུང་ཚོང་རྒྱག་པ་དང་། ཐོན་ལས་སྦྲེལ་ཐག་ཐུང་བ། ཐ་ན་གོ་རིམ་མེད་པའི་འགྲན་རྩོད་བྱེད་པ་སོགས་ཀྱི་གནད་དོན་ཐོན་པ་དེས་སེམས་ཀྱི་ཉི་ཟླའི་མཱ་ག་སྤུས་རྟགས་ཀྱི་མཚན་སྙན་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་ཅེས་མ་གསང་དྲང་པོར་བཤད།
        “ཀུང་སིའི་གསོ་སྦྱོང་གི་ལག་རྩལ་ཚད་གཞི་གཞིར་བཟུང་མཱ་ག་ཚང་མར་ཉི་འོད་དང་། ཆུ། ལུད། བར་མཐོངས་བཅས་ཡག་པོ་ཡོད་དགོས་པ་དང་ས་ཆ་མུའུ་རེར་སྡོང་རྐང་9000ནས་10000བར་ལས་འདེབས་ཐབས་མེད་ལ། ཞིང་ལུད་ཀྱི་སྐྱེ་ལྡན་ལུད་རྒྱག་རྒྱུ་མཐའ་འཁྱོངས་བྱེད་དགོས”ཞེས་ནུ་བོས་བཤད་པ་དང་མཱ་ག་བཀོག་རྗེས་ཁོང་ཚོས་མཱ་ག་སོས་པ་ཉིན་50ཡན་ཉི་སྐམ་གཏོང་བ་དང་ཉིན་ལྟར་ཨ་སློག་ཐེངས་3ནས་5བར་རྒྱག་དགོས་ཀྱི་ཡོད་པ་རེད།
        མཱ་ག་ཐོན་ལས་འཕེལ་རྒྱས་འགྲོ་བའི་ད་ལྟའི་གནས་བབ་ལ་དམིགས་ནས་ན་ནིང་ཟླ་7པར་སེམས་ཀྱི་ཉི་ཟླ་གྲོང་ཁྱེར་སྲིད་གཞུང་གིས་མཱ་ག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར་ནང་འདེབས་འཛུགས་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་གཏོང་བ་དང་མཱ་ག་ཐོན་རྫས་ཐོན་སྐྱེད་བྱ་ཡུལ་གྱི་ཚད་གཞི་བཟོ་བ་དང་ལག་བསྟར་བྱེད་པ་སོགས་གསལ་པོ་བཏོན་ཡོད། མཱ་ག་འདེབས་འཛུགས་རྟེན་གཞིའི་ས་ཆ་དེ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ནས་སྨི་3500བར་གྱི་ས་ཁོངས་སུ་འདེམས་དགོས་པ་དང་། ཁྲོམ་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་སྟེ་ལས་ཞུགས་པར་ལས་སྣོན་མི་བྱེད་པ་དང་། རྫུན་ལྷད་ཞན་གསུམ་གྱི་ཐོན་རྫས་ཕྱིར་ཚོང་མི་བྱེད་པ། རྐང་བཙུགས་ནས་སྦིར་སྒྲོག་མི་བཟོ་བ། རིན་གོང་དམའ་བར་འགྲན་རྩོད་མི་བྱེད་པ། མཱ་ག་ཡི་ཐོན་ཟོག་དྲིལ་བསྒྲགས་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཁྲིད་སྟོན་བྱ་རྒྱུའི་བླང་བྱ་བཏོན་པ་རེད།
        “ས་མཐོའི་ཁྱད་ལྡན་ཞིང་ལས་འཕེལ་རྒྱས་གཏོང་རྒྱུ་དེ་དབུལ་སྐྱོར་བྱེད་སྟངས་གལ་ཆེན་ཞིག་ཡིན”ཞེས་ཐང་ཧྲི་ཝུན་གྱིས་བཤད་པ་དང་། ཐོན་ལས་ཅན་གྱི་གཉེར་སྐྱོང་མ་ལག་གང་མགྱོགས་བསྐྲུན་ནས་སེམས་ཀྱི་ཉི་ཟླའི་སྐྱེ་ལྡན་མཱ་ག་ཡི་སྤུས་རྟགས་ཆགས་པ་བྱས་ཏེ་ཞིང་པར་འབབ་འཕར་ཡོང་རྒྱུར་སྐུལ་ཁྲིད་བྱེད་དགོས།
        སེམས་ཀྱི་ཉི་ཟླ་གྲོང་ཁྱེར་གྱི་མཱ་ག་ཐོན་ལས་འཆར་འགོད་གཞིར་བཟུང་2020ལོར་སླེབས་སྐབས་གྲོང་ཁྱེར་དེ་ཡོངས་ཀྱི་མཱ་ག་འདེབས་འཛུགས་རྒྱ་ཁྱོན་མུའུ་ཁྲི་3ཟིན་པ་དང་ལོར་མཱ་ག་སོས་པ་ཏུན་6000ཐོན་སྐྱེད་ཐུབ་པ་བྱས་ཏེ་ཞིང་ལས་ཀྱི་ཐོན་རྫས་རིན་ཐང་སྒོར་ཁྲི་10000མངོན་འགྱུར་ཐུབ་པ་བྱ་རྒྱུ་རེད། མཱ་ག་ཡི་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་དངུལ་འབོར་སྒོར་དུང་ཕྱུར་16ཟིན་པ་བྱས་ཏེ་མཱ་ག་འདེབས་འཛུགས་བྱས་ནས་ཞིང་དུད་3000གི་མི་15000ཙམ་ལ་ཡོང་འབབ་སྒོར་ཁྲི་9000འཕར་བ་བྱ་རྒྱུ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།