འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲེལ་ཡོད་རྩ་དོན་གྱི་རྨང་གཞིའི་ཐོག་ཀྲུང་གོས་ཝ་ཐི་ཁན་དང་དགེ་མཚན་ལྡན་པའི་སྐད་
    ཆ་བྱེད་འདོད་ཡོད་ཅེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 13:48】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན། གོང་ཚེས་ཉིན་རྒྱལ་ཁབ་ཆོས་ལུགས་ཅུས་ཀྱི་ཅུས་ཀྲང་ཝང་ཙོའོ་ཨན་གྱིས། འབྲེལ་ཡོད་རྩ་དོན་གྱི་རྨང་གཞིའི་ཐོག་ཀྲུང་གོས་ཝ་ཐི་ཁན་དང་དགེ་མཚན་ལྡན་པའི་སྐད་ཆ་བྱས་ནས། འགལ་བ་ཆུང་དུ་གཏོང་བ་དང་ཐུན་མོང་གི་ངོས་འཛིན་རྒྱ་ཆེར་བཏང་སྟེ་འབྲེལ་བ་ལེགས་སུ་གཏོང་རྒྱུར་སྐུལ་སྤེལ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།
         ཝང་ཙོའོ་ཨན་གྱིས། ཀྲུང་གོ་དང་ཝ་ཐི་ཁན་དབར་གྱི་འབྲེལ་བ་ནི་ཐོག་མཐའ་བར་གསུམ་དུ་རྒྱ་ཆེའི་ཆོས་དཔོན་དང་ཆོས་གྲོགས་ཚོས་རྒྱ་ཁྱབ་ངང་དོ་ཁུར་བྱེད་པའི་གནད་དོན་ཞིག་རེད། ཀྲུང་གོ་སྲིད་གཞུང་གི་ཀྲུང་གོ་དང་ཝ་ཐི་ཁན་དབར་གྱི་འབྲེལ་བ་ལེགས་སུ་གཏོང་བའི་ལངས་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁ་གསལ་ལ་འགྱུར་མེད་ཡིན་པས། ཝ་ཐི་ཁན་གྱིས་དེ་བས་བབ་བསྟུན་དང་དམ་པ་དོན་གཉེར་གྱི་རྣམ་འགྱུར་དང་བྱ་སྤྱོད་ངོ་མའི་ཐོག་ནས་འབྲེལ་བ་ལེགས་སུ་གཏོང་རྒྱུར་ཕན་པའི་ཆ་རྐྱེན་བསྐྲུན་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།
        ཝང་ཙོའོ་ཨན་གྱིས་ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་ཐོག་གོང་གི་རྣམ་འགྱུར་དེ་བསྟན་གནང་བ་རེད། ཀྲུང་གོ་གནམ་བདག་ཆོས་ལུགས་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་ཚོགས་ཚུན་བྱས་པའི་ལས་ཀ་དང་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་རྗེས་ཁོང་གིས་ཀྲུང་གོ་གནམ་བདག་ཆོས་ལུགས་ཚོགས་པའི་སླད་ཕྱིན་ལོ་ལྔའི་རིང་གི་ལས་ཀའི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་དར་ཆ་མཐོན་པོར་བསྒྲེང་བ་དང་། ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ། རྒྱལ་གཅེས་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་པ། རྒྱུན་ཆད་མེད་པར་རྒྱལ་གཅེས་སྟོབས་ཤུགས་ཆེ་རུ་གཏོང་བ། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དགོས་པ་སོགས་རེ་བ་འགའ་བཏོན་གནང་བ་རེད།
        ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཐུས་མི་ཚོགས་ཆེན་ཐོག་ཀྲུང་གོ་གནམ་བདག་ཆོས་ལུགས་ཀྱི་སྐབས་གསར་པའི་རྒྱུན་ལས་ཨུ་ལྷན་དང་ཨུ་ཡོན་ལྷན་ཁང་གཅིག་དང་ཚོགས་པ་གཅིག་གི་འགོ་ཁྲིད་ཚན་ཁག་གསར་པ་འདེམས་བསྐོ་བྱ་རྒྱུ་ཡིན་པ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།