འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།རི་པིན་གྱི་དམངས་ཁྲོད་ཚོགས་པས་ཨན་པེས་ནན་ཅིང་སོགས་ས་ཆར་བསྐྱོད་ནས་བཙན་
    འཛུལ་དམག་འཁྲུག་ནང་རྐྱེན་ལམ་དུ་ཤོར་བའི་མིར་མྱ་ངན་ཞུ་དགོས་
    པའི་རེ་འབོད་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 13:49】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་27ཉིན། ཚེས་27ཉིན“ཚུན་ཧྲན་གླེང་མོལ་ཚོགས་འདུ་རྒྱུན་འཛིན་དང་འཕེལ་རྒྱས”ཞེས་པའི་རི་པིན་དམངས་ཁྲོད་ཚོགས་པས་རི་པིན་གྱི་དབུ་བཞུགས་བློན་ཆེན་ཨན་པེ་ཅིན་སན་ཨ་རིའི་མུ་ཏིག་གྲུ་ཁར་བསྐྱོད་ནས་མྱ་ངན་ཞུ་བའི་བྱེད་སྒོ་སྤེལ་བ་དང་ཨེ་ཤེ་ཡའི་ས་ཁུལ་གྱི་དམག་འཁྲུག་ནང་རྐྱེན་ལམ་དུ་ཤོར་བའི་མི་སྣང་མེད་དུ་འཇོག་པའི་བྱེད་སྟངས་དེར་སྐྱོན་བརྗོད་བྱས་པ་དང་སྦྲགས་ཨན་པེས་ནན་ཅིང་སོགས་ས་ཆར་བསྐྱོད་དེ་རི་པིན་གྱིས་བཙན་འཛུལ་བྱས་པའི་དམག་འཁྲུག་ནང་རྐྱེན་ལམ་དུ་ཤོར་བའི་མི་ལ་མྱ་ངན་ཞུ་དགོས་པའི་རེ་འབོད་ཀྱང་བྱས་ཡོད།
         “ཚུན་ཧྲན་གླེང་མོལ་ཚོགས་འདུ་རྒྱུན་འཛིན་དང་འཕེལ་རྒྱས”ཀྱི་ལས་འཛིན་ཀྲང་ཐེང་ཐན་ཀའོ་ཅིན་གྱིས་ཐོ་ཁེའོ་རུ་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག་ཨན་པེས་མུ་ཏིག་གྲུ་ཁའི་ཡ་ལི་སང་ན་དྲན་གསོ་ཁང་དུ་བསྐྱོད་ནས་“མུ་ཏིག་གྲུ་ཁའི་དོན་རྐྱེན”ནང་རྐྱེན་ལམ་དུ་ཤོར་བའི་ཨ་རིའི་དཔོན་དམག་2400ཙམ་ལ་མྱ་ངན་ཞུས་ཡོད། འོན་ཀྱང་སྐབས་དེའི་བཙན་འཛུལ་དམག་འཁྲུག་ནང་རི་པིན་དམག་གིས་ནན་ཅིང་དུ་དམངས་ཚོགས་དམར་གསོད་བཏང་བ་དང་ཧར་པིན་སོགས་ས་ཁུལ་དུ་འབུ་ཕྲའི་དམག་འཐབ་ཀྱི་བྱེད་སྤྱོད་སྤེལ་ཡོད། ས་གནས་དེ་དག་ཏུ་རྐྱེན་ལམ་དུ་ཤོར་བའི་མི་འབོར་དེ་མུ་ཏིག་གྲུ་ཁར་ཤི་བའི་གྲངས་འབོར་ལས་མང་བ་ཡོད་ཅེས་བཤད།
         ཨན་པེས་མུ་ཏིག་གྲུ་ཁར་འཚམས་འདྲི་བྱས་ཏེ“འཛམ་གླིང་དམག་ཆེན་གཉིས་པའི་ལོ་རྒྱུས་ཁྲོད་ཀྱི་གནས་ཚུལ་གཙང་རྩིས་རྒྱག་རྒྱུའི”རེ་བ་བྱེད་ཀྱི་ཡོད་ཅེས་པའི་སྨྱན་སྦྱོར་གྱིས་སྤེལ་བའི་གནས་ཚུལ་དེར་དམིགས་ནས་ཀྲུང་གོའི་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧྭ་ཁྲུན་ཡིང་གིས་ཚེས་27ཉིན་ཀྲུང་གོ་སོགས་ཨེ་ཤེ་ཡའི་གནོད་འཚེ་ཕོག་མཁན་རྒྱལ་ཁབ་ཀྱི་མཐུན་འགྲིག་མེད་ན། རི་པིན་གྱི་ལོ་རྒྱུས་ཀྱི་ལེའུ་དེ་གྲོལ་ཁག་པོ་རེད་ཅེས་གསུངས།
         “ཚུན་ཧྲན་གླེང་མོལ་ཚོགས་འདུ་རྒྱུན་འཛིན་དང་འཕེལ་རྒྱས”ཞེས་པའི་རི་པིན་དམངས་ཁྲོད་ཚོགས་པ་དེ་2013ལོར་བཙུགས་པ་དང་དམིགས་ཡུལ་ནི་འཛམ་གླིང་དམག་ཆེན་གཉིས་པའི་ནང་རི་པིན་གྱིས་བཙན་འཛུལ་བྱས་པ་དང་མི་སེར་སྤེལ་བའི་བྱེད་སྤྱོད་ལ་རང་སྐྱོན་རང་བརྟག་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རི་པིན་ཞི་བདེ་དང་དམག་འཁྲུག་མེད་པའི་འགྲོ་ལམ་ཐོག་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་རེད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།