འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་རྒྱལ་དུ་སྤྱི་སྐད་གསོ་སྦྱོང་ཚོད་ལྟའི་ལྟེ་གནས་ཐོག་མ་དེ་ཧོ་ལན་དུ་བཙུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་29ཉིན། 13:51】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཧོ་ལན་ཀེ་ལུའོ་ཉིང་ཀེན་ཁུང་ཙི་སློབ་གླིང་གསོ་སྦྱོང་ཚོད་ལྟའི་ལྟེ་གནས་ཧའེ་ཡ་རུ་བཙུགས་པ་དེ་ནི་ཕྱི་རྒྱལ་དུ་ཀྲུང་གོས་བཙུགས་པའི་སྤྱི་སྐད་གསོ་སྦྱོང་ཚོད་ལྟའི་ལྟེ་གནས་ཐོག་མ་དེ་ཡིན་པ་རེད།
        གསོ་སྦྱོང་ཚོད་ལྟའི་ལྟེ་གནས་དེ་ཀྲུང་གོའི་སློབ་གསོ་པུའི་སྐད་ཡིག་བེད་སྤྱོད་དོ་དམ་སིས་ཀེ་ལུའོ་ཉིང་ཀེན་ཁུང་ཙི་སློབ་གླིང་དང་ཀྲུང་གོའི་སྨྱན་སྦྱོར་སློབ་ཆེན་སྙན་སྒྲོན་གཙོ་སྐྱོང་སྒྱུ་རྩལ་སློབ་གླིང་གིས་ཐུན་མོང་ཐོག་གྲབས་འཛུགས་བྱས་པ་ཞིག་རེད།
         ལྟེ་གནས་བཙུགས་པའི་མཛད་སྒོའི་ཐོག་ཀེ་ལུའོ་ཉིང་ཀེན་ཁུང་ཙི་སློབ་གླིང་ཀྲུང་གོ་ཕྱོགས་ཀྱི་ཡོན་ཀྲང་ལིའུ་ཆིང་དབྱིས། ལྟེ་གནས་བཙུགས་རྗེས་དུས་ཐོག་ཏུ་སྤྱི་སྐད་ཀྱི་ཆུ་ཚད་ཚོད་རྒྱུགས་བྱེད་པ་ཕུད་ད་དུང་སྤྱི་སྐད་ཕྱི་རྒྱལ་དུ་ཁྱབ་གདལ་གཏོང་རྒྱུར་སྐུལ་མ་ཧུར་ཐག་གཏོང་རྒྱུ་དང་སྦྲགས་དགེ་རྒན་གསོ་སྦྱོང་དང་ཟུང་འབྲེལ་དམ་ཟབ་བྱས་ནས་དུས་བཀག་ཐོག་བརྗོད་དོན་གཙོ་བོའི་འཆད་ཁྲིད་དང་ཞིབ་བསྡུར་ཚོགས་འདུ་འཚོག་རྒྱུ་རེད་ཅེས་བཤད།
      
    2016-12-27

    ཕྱོགས་བསྡུས་གསར་འགྱུར།