འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་8700ལྷག་ཙམ་གྱིས་རྒྱང་རིང་སློབ་
    གསོར་བརྟེན་ནས་མཉམ་དུ་སློབ་སྦྱོང་བྱེད་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཤིན་ཅང་ཁ་ཧྲི་ཏང་གི་སློབ་གྲྭར་ཤིན་ཅང་གི་གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭ་སློབ་འགོ་ཚུགས་པ་དང་། ད་ཐེངས་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཡུ་གུར་སྐད་ཀྱི་ཐོག་ནས་སློབ་ཁྲིད་ཐོག་མ་བྱས་པ་དང་སྦྲགས་ཁ་ཧྲི་ས་ཁུལ་གྱི་ཤང་དང་གྲོང་རྡལ་171ལ་ཡན་ལག་སློབ་ཁང་བཙུགས་ཤིང་། ཤིན་ཅང་ཁ་ཧྲི་ས་ཁུལ་གྱི་གྲོང་གསེབ་ཀྱི“ཨུ་ལྷན་གཉིས”ཀྱི་ལས་ཞུགས་ཡོངས་ལ་ཁྱབ་ཐུབ་པ་བྱུང་སྟེ། གཞི་རིམ་གྱི་ལས་བྱེད་པ་8700ལྷག་ཙམ་གྱིས་མཉམ་དུ་རྒྱང་རིང་གསོ་སྦྱོང་དང་ལེན་བྱས་པ་རེད།
            གསར་འགོད་པར་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ནས་ཤེས་རྟོགས་བྱུང་བར། ཁ་ཧྲིར་གཉེར་བའི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭའི་ཐོག་ཤིན་ཅང་གི་ས་ཁུལ་དང་ཀྲོའུ་གྲོང་ཁྱེར་12ཀྱི་གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའི་ཧྲུའུ་ཅི་200ལྷག་ཙམ་ཞུགས་ཡོད་པ་རེད། ཤིན་ཅང་ལྷོ་རྒྱུད་དུ་གཞི་རིམ་གྲངས་ཉུང་མི་རིགས་མང་བ་དང་། གཞི་རིམ་གྱི་ལས་བྱེད་པ་མང་ཆེ་བ་ཡུ་གུར་རིགས་ཡིན་པའི་གནས་ཚུལ་ལ་དམིགས་ནས། ད་ཐེངས་གསོ་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ཡུ་གུར་སྐད་ཀྱི་ཐོག་ནས་སློབ་ཁྲིད་བྱེད་སྟངས་སྤྱད་པས། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་ནང་དོན་དེ་བས་གསལ་པོ་དང་མ་ནོར་བ་རྟོགས་རྒྱུར་སྟབས་བདེ་བསྐྲུན་ཡོད་པ་རེད།
           “ཚད་དང་ལོན་པའི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པ”དང་། “གནད་སྨིན་དབུལ་སྐྱོར་གྱི་འབྲེལ་ཡོད་སྲིད་ཇུས་འགྲེལ་བཤད” “ང་ཚོར་རིག་གནས་འཚོ་བ་གང་འདྲ་ཞིག་དགོས་པ”སོགས་དུས་ཡུན་ཉིན་5ཡི་གཅིག་སྡུད་གསོ་སྦྱོང་ནང་སློབ་མ་ཚོས་དམིགས་སའི་རང་བཞིན་དང་བཀོལ་སྤྱོད་རང་བཞིན་ཆེ་བའི་གསོ་སྦྱོང་སློབ་ཚན་15སློབ་སྦྱོང་བྱ་རྒྱུ་ཡིན་པ་རེད།
          ཤིན་ཅང་ལྷོ་རྒྱུད་ནི་ཤིན་ཅང་གི་དབུལ་སྒྲོལ་འགག་སྒྲོལ་དམག་འཐབ་ཀྱི་དམག་ས་གཙོ་བོ་ཡིན་པ་དང་། མི་འབོར་དབུལ་པོ་མང་བ་དང་། དབུལ་པོའི་ཁུལ་གཅིག་སྡུད་ཡིན་པ། དབུལ་སྒྲོལ་རྨང་གཞི་ཞན་པ་བཅས་རེད། ཤིན་ཅང་ཁ་ཧྲི་ས་ཁུལ་དུ་གཉེར་བའི་གྲོང་ཚོ་དབུལ་པོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་ཡུ་གུར་སྐད་ཀྱི་གསོ་སྦྱོང་དཔེ་སྟོན་འཛིན་གྲྭའི་ཐོག་དབུལ་སྒྲོལ་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་པའི་དམིགས་ཡུལ་ནི་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་ལས་ཀའི་འཇོན་ཐང་མཐོ་རུ་གཏོང་རོགས་བྱེད་པ་དང་སྦྲགས་རྒྱང་རིང་སློབ་གསོའི་སྟེགས་བུར་བརྟེན་ནས་གྲོང་ཚོ་དབུལ་པོའི“འགོ་ཁྲིད་ཨང་དང་པོ”ཚང་མར་ཁྱབ་པ་བྱས་ཁར། གྲོང་ཚོ་དང་མི་གཅིག་ཀྱང་མི་ལུས་པ་བྱ་རྒྱུ་དེ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།