འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་སྨན་འདུས་ཀྲུང་ལུགས་སྨན་རྫས་ཀྱི་ཨ་རིའི་FDAཡི་དུས་ཐེངས་གསུམ་གྱི་ནད་
    ཐོག་སྨན་བཅོས་ཚོད་ལྟ་ཐོག་མ་ལེགས་གྲུབ་ཟིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:33】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཚེས་23ཉིན་ཤེས་རྟོགས་བྱས་པར་གཞིགས་ན། ཀྲུང་ལུགས་ཀྱི་སྨན་རྫས་སྨན་འདུས་འཇིབ་རྩི་སྨུག་པོའི་རིལ་བུར་ཨ་རིའི་FDA(ཨ་རིའི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས)ཡི་དུས་ཐེངས་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ལེགས་གྲུབ་ཟིན་ནས་གོ་ལ་ཧྲིལ་པོར་ཨ་རིའི་FDAཡི་དུས་ཐེངས་གསུམ་གྱི་སྐབས་བསྟུན་དང་། གཉིས་རྨོངས་ཚོད་ལྟ། རྒྱལ་སྤྱིའི་ལྟེ་གནས་མང་པོའི་གཞི་ཁྱོན་ཆེ་བའི་ནད་ཐོག་སྨན་བཅོས་ཚོད་ལྟ་བཅས་ཐོག་མར་ལེགས་གྲུབ་ཐུབ་པའི་སྨན་འདུས་ཀྲུང་ལུགས་སྨན་རྫས་ལ་གྱུར་བ་མ་ཟད། རང་རྒྱལ་གྱི་ཨ་རིའི་FDAཡི་དུས་ཐེངས་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ཐོག་མར་ལེགས་གྲུབ་ཐུབ་པའི་གསར་གཏོད་སྨན་རྫས་ཡིན་པ་དེས་ཨ་རིའི་གཅོང་ནད་སྙིང་གཟེར་ཁྲོམ་རར་རྫས་འགྱུར་སྨན་རྫས་ཁོ་ན་ཡིན་པའི་སྣང་ཚུལ་ལ་འགྱུར་ལྡོག་བཏང་ཡོད། དུས་ཐེངས་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ལེགས་གྲུབ་ཟིན་རྗེས་སྨན་དང་སྨན་རྫས་གསར་པ་ཁྲོམ་རར་འདོན་ཆོག་པའི་སྙན་ཞུ་ཕུལ་ཆོག་གི་ཡོད།
           ཨ་རིའི་བཟའ་བཅའ་དང་སྨན་རྫས་ལྟ་སྐུལ་དོ་དམ་ཅུས་ནི་ད་ཆ་འཛམ་གླིང་ཐོག་ཆེས་སྔོན་ཐོན་དང་དོ་ནན་ཤོས་ཀྱི་སྨན་གསར་པར་ཞིབ་དཔྱད་བྱེད་པའི་སྒྲིག་གཞི་ཡིན་པ་དང་། འཛམ་གླིང་ཡོངས་ཀྱི་སྨན་གསར་པ་90%ཡན་ཚང་མ་FDAལ་རེ་ཞུ་བྱེད་ཀྱི་ཡོད་པ་དང་། འཛམ་གླིང་ཡོངས་ཀྱི་སྨན་རྫས་ཁེ་ལས་ཚང་མས་FDAཡི་སྨན་གསར་པའི་ཆོག་མཆན་ཐོབ་རེ་བྱེད་ཀྱི་ཡོད། སྨན་འདུས་འཇིབ་རྩི་སྨུག་པོའི་རིལ་བུར་ཨ་རིའི་FDAདུས་ཐེངས་གསུམ་གྱི་ནད་ཐོག་སྨན་བཅོས་ཀྱི་ཚོད་ལྟ་ལེགས་གྲུབ་ཟིན་པ་དང་དེང་རབས་ཀྲུང་གོའི་ཀྲུང་ལུགས་སྨན་དང་སྨན་རྫས་ཀྱི་རྒྱལ་སྤྱི་ཅན་གྱི་སྔོན་ཐོན་གདེང་འཇོག་མ་ལག་འཐུས་སྒོ་ཚང་དུ་དང་འཕེལ་རྒྱས་ཕྱིན་པ་དེས་ཀྲུང་ལུགས་སྨན་དང་སྨན་རྫས་རྒྱལ་སྤྱི་ཅན་དུ་འཕེལ་རྒྱས་འགྲོ་བར་ཤུགས་རྐྱེན་ཆེན་པོ་ཐེབས་རྒྱུ་ཡིན་པ་དེར་ལམ་ཚད་རྡོ་རིང་གི་དོན་སྙིང་ལྡན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།