འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཐའེ་དབན་གྱི་རྫོང་དང་གྲོང་ཁྱེར་8ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་ཡུལ་
    སྐོར་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུ་པེ་ཅིང་དུ་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་ཐའེ་དབན་གྱི་རྫོང་དང་གྲོང་ཁྱེར་8ཀྱི་ཞིང་ལས་ཁྱད་ལྡན་ཐོན་རྫས་འགྲེམས་ཚོང་དང་ཡུལ་སྐོར་འོས་སྦྱོར་ངོ་འཕྲད་གྲོས་མོལ་ཚོགས་འདུ་པེ་ཅིང་འགྲེམས་སྟོན་ཁང་དུ་གཉེར་བ་རེད། ཀྲུང་གུང་ཀྲུང་དབྱང་ཐའེ་དབན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་དབན་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲང་ཀྲི་ཅུན་དང་། པེ་ཅིང་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཝང་ཉིང་། ཀྲུང་གོ་གོ་མིན་ཏང་གི་ཀྲུའུ་ཞི་གཞོན་པ་ཁྲེན་ཀྲན་ཤང་། ཐའེ་དབན་ཤིན་པེ་དང་། ཤིན་ཀྲུའུ། མེའོ་སུ། ཧྭ་ལན། ནན་ཐོའུ། ཐའེ་ཏུང་། ཅིན་མོན་དང་། དེ་བཞིན་ལན་ཅང་སོགས་རྫོང་དང་གྲོང་ཁྱེར་གྱི་འགན་འཁུར་བས་ལྷན་དུ་འགོ་ཚུགས་མཛད་སྒོ་སོགས་བྱེད་སྒོ་ཁག་ལ་ཞུགས་པ་རེད། གོང་གསལ་གྱི་རྫོང་དང་གྲོང་ཁྱེར་8ཀྱི་འགྲེམས་ཚོང་ཁེ་ལས་130ཙམ་གྱིས། ས་གནས་དེ་གའི་ཁྱད་ལྡན་ཞིང་ལས་ཐོན་རྫས་འཁྱེར་ཏེ་འགྲེམས་སྟོན་ནང་ཞུགས་པ་དང་། ཡུལ་སྐོར་ལས་རིགས་པ་དང་པེ་ཅིང་དང་། ཐེན་ཅིན། ཧོ་པེ་བཅས་ཀྱི་ཡུལ་སྐོར་ལས་རིགས་ཀྱི་འཐུས་མི་60ཙམ་གྱིས། སྦྲེལ་མཐུད་ངོ་འཕྲད་གྲོས་མོལ་བྱས་པ་རེད། སྐམ་ས་ཆེ་མོའི་ཁེ་ལས་ཀྱིས་ཐའེ་དབན་གྱི་རྫོང་དང་གྲོང་ཁྱེར་8དང་ཐོན་རྫས་མཁོ་ཚོང་མཉམ་ལས་ཀྱི་གན་རྒྱ་བཞག་ནས། ཁྲོམ་ར་ཅན་གྱི་རྩ་དོན་ཐོག་ནས་རྒྱུན་རྣམ་ཅན་གྱི་མཉམ་ལས་བྱ་རྒྱུའི་གྲོས་མོལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།