འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།“དྲ་བའི་སྤུ་གྲི་2016”ཞེས་པའི་ཆེད་དོན་བྱ་སྤྱོད་སྤེལ་བར་ཕན་འབྲས་མངོན་གསལ་
    དོད་པོ་ཐོན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:28】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་རྒྱལ་ཁབ་པར་དབང་ཅུས་ཀྱིས་པེ་ཅིང་དུ“དྲ་བའི་སྤུ་གྲི་2016”ཞེས་པའི་ཆེད་དོན་བྱ་སྤྱོད་ཀྱི་གྲུབ་འབྲས་བརྡ་ཁྱབ་བྱས་ཤིང་། འདི་ལོའི་ཟླ་བདུན་པ་ནས་བཅུ་གཅིག་པའི་བར་རྒྱལ་ཁབ་པར་དབང་ཅུས་དང་། རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་ལས་ཁང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། སྤྱི་བདེ་པུའུ་བཅས་ཀྱིས་མཉམ་དུ“དྲ་བའི་སྤུ་གྲི་2016”ཞེས་པའི་ཆེད་དོན་བྱ་སྤྱོད་སྤེལ་ཡོད་པ་རེད། ཟླ་བ་ལྔའི་རིང་ཆེད་དོན་བཅོས་སྐྱོང་བྱས་པ་བརྒྱུད། དྲ་རྒྱའི་པར་དབང་ཁོར་ཡུག་སྔར་བས་གཙང་དུ་ཕྱིན་ཁར། ཆེད་དོན་བྱ་སྤྱོད་སྤེལ་བར་གྲུབ་འབྲས་ཀྱང་མངོན་གསལ་དོད་པོ་ཐོབ་ཡོད་པ་རེད།
           ཆེད་དོན་བྱ་སྤྱོད་སྤེལ་རིང་གྱོད་དོན་ཞིབ་བཤེར་ཐག་གཅོད་བྱ་རྒྱུ་མུ་མཐུད་ལས་འགན་ཨང་དང་པོར་བརྩིས་ཏེ། སྲིད་འཛིན་ཆད་གཅོད་དང་ཉེས་དོན་རྡུང་རྡེག་གི་ལས་དོན་སྤེལ་ཤུགས་སྔར་བས་ཆེ་རུ་བཏང་བ་དང་། དྲ་རྒྱའི་དབང་ཆ་བཙན་གནོད་དང་པར་དབང་ལྐོག་སྤྱོད་ཀྱི་གྱོད་དོན་གཅིག་སྡུད་ཞིབ་གཅོད་བྱས་ཡོད། བྱ་སྤྱོད་སྤེལ་རིང་ས་གནས་ཁག་གིས་སྲིད་འཛིན་གྱོད་དོན་514ཞིབ་གཅོད་བྱས་པ་དང་། སྲིད་འཛིན་དངུལ་ཆད་སྒོར་ཁྲི་467བཏང་བ། གྱོད་དོན་33ཁྲིམས་འཛིན་ལས་ཁུངས་ལ་ཉེས་དོན་ཐག་གཅོད་བྱེད་པར་རྩིས་སྤྲད་པ། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར་2ཟིན་པ། དྲ་ཚིགས་290ལ་སྒོ་ཐེལ་བརྒྱབ་ཡོད་པ་རེད།
           རྒྱལ་ཁབ་པར་དབང་ཅུས་པར་དབང་དོ་དམ་སིའི་སི་ཀྲང་གཞོན་པ་ཏོན་ཡུས་ཕིང་གིས། གྱོད་དོན་ཆེ་རིགས་དང་གནད་ཆེའི་གྱོད་དོན་ཁག་གཅིག་གི་ཉེས་རྩད་བཅད་ནས་ཟིལ་གནོན་གྱི་ནུས་པ་ཞིག་ཐོན་པར་བྱས་པས། གློག་བརྙན་བརྙན་འཕྲིན་དང་དྲ་རྒྱའི་རྩོམ་རིག་གི་དྲ་རྒྱའི་པར་དབང་སྒྲིག་ལམ་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།