འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།སི་རི་ཡ་སྲིད་གཞུང་དམག་གིས་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨ་ལེ་ཕོའོ་དབང་དུ་བསྡུས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 09:53】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་རི་ཡ་སྲིད་གཞུང་དམག་གིས་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨ་ལེ་ཕོའོ་དབང་དུ་བསྡུས་པ།
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་22ཉིན་གྱི་དགོང་མོར། སི་རི་ཡ་སྲིད་གཞུང་གི་དམག་དཔུང་ཕྱོགས་ཀྱིས་གསལ་བསྒྲགས་སྤེལ་ཏེ་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨ་ལེ་ཕོའོ་ཡི་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་མི་སྣ་ལྷག་མ་ཡོངས་རྫོགས་ཕྱིར་འཐེན་བྱས་ཡོད་པ་དང་། སི་རི་ཡ་སྲིད་གཞུང་དམག་གིས་ཨ་ལེ་ཕོའོ་གྲོང་ཁྱེར་དབང་དུ་བསྡུས་པ་ཡིན་ཞེས་བསྒྲགས་པ་རེད།
            སི་རི་ཡ་སྲིད་གཞུང་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་གསལ་བསྒྲགས་སུ་རྒྱལ་ཁ་འདི་ནི་སི་རི་ཡའི་འཇིགས་སྐུལ་ལ་རྒོལ་བའི་དམག་འཐབ་ནང་གི་དུས་ཚིགས་དང་ཁ་ཕྱོགས་འགྱུར་མཚམས་གལ་ཆེན་ཤིག་ཡིན་ལ། འཇིགས་སྐུལ་རྩ་འཛུགས་དང་དེའི་རྒྱབ་སྐྱོར་མཁན་ཚོར་རྡུང་རྡེག་གལ་ཆེན་གཏོང་ཐེངས་ཤིག་ཀྱང་ཡིན་པས། དུས་རིམ་ཕྱི་མར་སི་རི་ཡ་མངའ་ཁོངས་ཀྱི་འཇིགས་སྐུལ་རྩ་འཛུགས་ཡོད་ཚད་གཙང་སེལ་དང་། སི་རི་ཡའི་ས་ཆ་གྲུ་ཁ་ཙམ་ཡང་མ་ལུས་པ་ཚང་མ་བཅིངས་འགྲོལ་གཏོང་བར་རྨང་གཞི་བཏིང་བ་རེད་ཅེས་བརྗོད་པ་རེད།
            སི་རི་ཡ་སྲིད་གཞུང་དམག་དཔུང་ཕྱོགས་ཀྱིས་གསལ་བསྒྲགས་ནང་དྲག་ཆས་མི་སྣ་ཚང་མར་ལག་ནས་མཚོན་ཆ་འཇོག་རྒྱུའི་རེ་སྐུལ་བྱས་ཡོད་པ་རེད།
            ད་ལོའི་ཟླ་9པ་ནས་བཟུང་། སི་རི་ཡ་སྲིད་གཞུང་དམག་དཔུང་གིས་ཨ་ལེ་ཕོའོ་གྲོང་ཁྱེར་ཤར་རྒྱུད་ཀྱི་སྲིད་གཞུང་ལ་རྒོལ་བའི་དྲག་ཆས་ཚོགས་པ་མཐའ་ནས་བསྐོར་ཏེ་ལྷོ་བྱང་བརྒྱུད་ལམ་གྱི་དོག་ཁུལ་ཞིག་ཏུ་བཅུག་ཡོད་པ་མ་ཟད། ཟླ་11པའི་ཟླ་སྨད་ནས་བཟུང་། དཔུང་འཇུག་བྱེད་ཤུགས་ཇེ་དྲག་ཏུ་བཏང་བས། དུས་ཡུན་ཐུང་ངུ་ཞིག་གི་ནང་གྲུབ་འབྲས་ཆེན་པོ་བླངས་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】  【9】
    ༄༅།།སི་རི་ཡ་སྲིད་གཞུང་དམག་གིས་བྱང་རྒྱུད་ཀྱི་གྲོང་ཁྱེར་ཨ་ལེ་ཕོའོ་དབང་དུ་བསྡུས་པ།
      

    ཕྱོགས་བསྡུས་གསར་འགྱུར།