འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་མཚོ་དམག་གནམ་ཐང་གྲུ་གཟིངས་དཔུང་རུས་གྲུབ་ཆ་ཡོངས་རྫོགས་ཀྱི་སྦྱོང་བརྡར་
    བྱས་པ་དང་ཚོད་ལྟའི་ལས་འགན་སྒྲུབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 10:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་24ཉིན་རང་རྒྱལ་གྱི་གནམ་ཐང་གྲུ་གཟིངས་དཔུང་རུས་ཤར་རྒྱ་མཚོའི་མཁའ་དབྱིངས་སུ་གྲུབ་ཆ་ཡོངས་རྫོགས་ཀྱི་སྦྱོང་བརྡར་བྱས་པ་དང་ཚོད་ལྟའི་ལས་འགན་སྒྲུབ་པ་རེད། སྔ་དྲོའི་ཆུ་ཚོད་11ཙམ་ལ་གྲུ་གཟིངས་ཐོག་ཡོད་པའི་རྒོལ་གཏོར—15དམག་འཐབ་གནམ་གྲུ་གཉིས་གནད་ལ་འཁེལ་བའི་སྒོ་ནས་ལེའོ་ཉིང་གྲུ་གཟིངས་ཀྱི་དམག་གྲུ་འཕུར་སྐྱོད་བྱེད་ས་ཁག་ནས་རྒྱུགས་ཏེ་འཕུར་སྐྱོད་བྱེད་རོགས“གནམ་ཐང་གྲུ་གཟིངས་STYLE”ཡི་མཛུབ་ཁྲིད་འོག་དམག་འཐབ་གནམ་གྲུ་འུར་སྒྲ་དང་བཅས་སྤྲིན་གསེབ་ཏུ་འཕུར།
            ཤེས་རྟོགས་བྱུང་བར་གཞིགས་ན། པོ་ཧའེ་རྒྱ་མཚོ་དང་ཧོང་ཧའེ་རྒྱ་མཚོ་ནས་ཤར་རྒྱ་མཚོ་བར་གྲུ་གཟིངས་གཏོང་འགོ་ཚུགས་པ་ནས་བཟུང་ཀྲུང་གོའི་མཚོ་དམག་གི་གནམ་ཐང་གྲུ་གཟིངས་དཔུང་རུས་འཕུར་སྐྱོད་བྱེད་ཞོར་དུ་སྦྱོང་བརྡར་བྱས་ཏེ་མཉམ་བསྲེས་ཅན་དང་། མ་ལག་ཅན། དངོས་འཐབ་ཅན་བཅས་ཀྱི་ཚོགས་ཆུང་སྦྱོང་བརྡར་བྱེད་ཐབས་འཚོལ་ཞིབ་ཀྱིས་གྲུབ་ཆ་ཡོངས་རྫོགས་ཀྱི་གྲུ་གཟིངས་དང་གནམ་གྲུ་མཉམ་འདྲེས་དང་གནམ་ཐང་གྲུ་གཟིངས་དཔུང་རུའི་མཐུན་སྦྱོར་བཀོད་འདོམས་སྦྱོང་བརྡར་བྱས་ཡོད། མཚོ་འགྲུལ་གྱི་ལམ་བར་དུ་གནམ་ཐང་གྲུ་གཟིངས་དཔུང་རུས་མཚོ་ཐོག་མཁོ་སྤྲོད་སྦྱོང་བརྡར་ཡང་སྒྲིག་འཛུགས་བྱས་པ་རེད།
           མཚོ་དམག་གི་གསར་འགྱུར་མགྲིན་ཚབ་པ་ལེང་དབྱང་གིས་གསར་འགོད་པར་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་མཚོ་དམག་ལེའོ་ཉིང་དམག་གྲུའི་དཔུང་རུས་ནུབ་ཞི་བདེ་རྒྱ་མཚོ་ཆེན་པོའི་མཚོ་ཁོངས་སུ་ཐག་རིང་སྦྱོང་བརྡར་བྱས་པ་དང་ད་ཐེངས་ཀྱི་སྦྱོང་བརྡར་ནི་ལོ་འཁོར་སྦྱོང་བརྡར་གྱི་འཆར་གཞིར་གཞིགས་ནས་སྒྲིག་འཛུགས་ལག་བསྟར་བྱས་པ་ཞིག་རེད་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།