འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་X90ལྕགས་མདོང་ཧྲིལ་པོའི་རང་བྱུང་སོལ་རླངས་འབར་གཏོར་ཚོད་ལྟ་དང་པོ་
    ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 10:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན“གདུགས་དབྱིབས་དུ་ནག”ཆེན་པོ་ཞིག་ཤིན་ཅང་ཧཱ་སྨི་གྲོང་ཁྱེར་ཤར་ལྷོའི་ཕྱོགས་ཀྱི་སྤྱི་ལེ་100ལྷག་ཙམ་གྱི་སར་ཡོད་པའི་ཀྲུང་གོ་རྡོ་སྣུམ་ལྕགས་མདོང་གས་ཆད་ཚོད་འཛིན་ཚོད་ལྟ་བྱ་ཡུལ་གྱི་མཁའ་དབྱིངས་སུ་འཕྱུར་བ་རེད། དེ་ཐོག་ནས་ཀྲུང་གོའི་X90ལྕགས་མདོང་ཧྲིལ་པོའི་རང་བྱུང་སོལ་རླངས་འབར་གཏོར་ཚོད་ལྟ་དང་པོ་ལེགས་གྲུབ་བྱུང་བ་མཚོན་པ་དང་། རིམ་པ་མཐོ་བ་དང་། ཁ་ཞེང་ཆེ་བ། གནོན་ཤུགས་ཆེ་བའི་ལྕགས་མདོང་གས་ཆད་ཚོད་འཛིན་བཅས་ཐད་ཀྱི་རང་རྒྱལ་གྱི་ཞིབ་འཇུག་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ཡོད་པ་རེད།
           ད་ཐེངས་ཀྱི་ཚོད་ལྟ་དེ་ཀྲུང་གོ་རྡོ་སྣུམ་ནུབ་རྒྱུད་ལྕགས་མདོང་ཀུང་སི་དང་། རྡོ་སྣུམ་ལྕགས་མདོང་ལས་གྲྭ་ལག་རྩལ་ཞིབ་འཇུག་ཁང་། ཀྲུང་གོ་རྡོ་སྣུམ་འཆར་འགོད་སྤྱི་ཁྱབ་ཁང་སོགས་ལས་གྲུབ་པའི་ཚན་རིག་ཞིབ་འཇུག་ཚོགས་པས་གཙོ་ཁྲིད་བྱས་པ་ཞིག་ཡིན་པ་དང་། རྣམ་གྲངས་དེ་ཀྲུང་གོ་རྡོ་སྣུམ་ཚོགས་པ་ཀུང་སིའི་ཆེད་དོན་ཆེ་གྲས“ཐོན་རབས་གསུམ་པའི་འདྲེན་འབོར་ཆེ་བའི་རང་བྱུང་སོལ་རླངས་ལྕགས་མདོང་ལས་གྲྭའི་འགག་རྩའི་ལག་རྩལ་ཞིབ་འཇུག”ནང་གི་ནང་དོན་གྱི་ཁོངས་སུ་གཏོགས་ཀྱི་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།