འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ནང་གི་གྲོང་ཁྱེར་317ལ་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུ་ཐོབ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 10:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པར་ཉེ་ཆར་འཚོགས་པའི་བྱང་སྐར་སྤུན་བདུན་གྱི“གྲོང་ཁྱེར་བརྒྱ་དང་། དྲ་སྦྲེལ་བརྒྱ། བེད་སྤྱོད་བརྒྱ་བཅས”ཀྱི་བྱ་སྤྱོད་འཆར་གཞིའི་ལས་དོན་ཕྱོགས་སྡོམ་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བྱང་སྐར་སྤུན་བདུན་བྱ་སྤྱོད་འཆར་གཞིའི་སྲོག་ཤིང་གྲུབ་འབྲས་ཏེ། རྒྱལ་ཁབ་ཀྱི་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུའི་དྲ་བས་གྲོང་ཁྱེར་317གྱི་ལས་རིགས་ཀྱི་སྤྱོད་གོ་སྣ་ཚོགས་ལ་བྱང་སྐར་སྤུན་བདུན་གྱི་གནད་སྨིན་ཞབས་ཞུ་ཐོབ་པར་ཕྱོགས་ཡོངས་ནས་བྱང་སྐར་སྤུན་བདུན་གྱི“གྲོང་ཁྱེར་བརྒྱ་དང་དྲ་སྦྲེལ་བརྒྱ”མངོན་གྱུར་ཐུབ་པ་དང་འབྲེལ་བྱང་སྐར་སྤུན་བདུན་ས་སྟེང་དུ་བེད་སྤྱོད་ཐུབ་རྒྱུར་སྐུལ་འདེད་བཏང་བ་རེད།
          ཡོན་ཧྲི་སུན་ཅ་ཏུང་གིས་ཕྱོགས་སྡོམ་ཚོགས་འདུའི་ཐོག་བྱང་སྐར་སྤུན་བདུན་གྱི“གྲོང་ཁྱེར་བརྒྱ་དང་། དྲ་སྦྲེལ་བརྒྱ། བེད་སྤྱོད་བརྒྱ་བཅས”ཀྱི་བྱ་སྤྱོད་འཆར་གཞིར་ཐོབ་པའི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་པ་དང་ཆབས་ཅིག བྱང་སྐར་སྤུན་བདུན་གྱི“མཁའ་ཐོག་ཏུ་ཡག་པོ་སྤྱོད་ཐུབ་པ་དང་ས་སྟེང་དུའང་ཡག་པོ་སྤྱོད་ཐུབ་པའི”དམིགས་ཚད་གང་མགྱོགས་མངོན་འགྱུར་ཐུབ་པ་བྱེད་དགོས་པའང་བསྟན་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། བྱང་སྐར་སྤུན་བདུན་གྱི“གྲོང་ཁྱེར་བརྒྱ་དང་། དྲ་སྦྲེལ་བརྒྱ། བེད་སྤྱོད་བརྒྱ་བཅས”ཀྱི་བྱ་སྤྱོད་འཆར་གཞིས་གོམ་སྟབས་རྗེས་མར་བཟོ་བཀོད་ལྟ་ཞིབ་ཚད་འཇལ་དང་། ས་གཤིས་གནོད་འཚེའི་ས་ཁོངས་ཀྱི་བདེ་འཇགས་ལྟ་ཞིབ་ཚད་འཇལ། གྲོང་ཁྱེར་གྱི་བཀོད་པའི་སྤྱི་པའི་སྒྲིག་བཀོད་དོ་དམ། ལས་གྲྭའི་འཕྲུལ་འཁོར་ལས་སྒྲུབ་ལ་ཁྲིད་སྟོན་དང་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་ཁྱབ་ཁོངས་ཐད་སྔར་བས་ཁྱབ་གདལ་གཏོང་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།