འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།2020ལོར་རང་རྒྱལ་གྱི་ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་
    དུང་ཕྱུར་1.1ཡན་ལོན་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 10:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས་ཕྱི་ཕྱོགས་ལ་ཁྱབ་བསྒྲགས་བྱས་པའི་《ཉི་ནུས་འཕེལ་རྒྱས་ཀྱི“ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་》གཞིར་བཟུང་། 2020ལོའི་ལོ་མཇུག་ཏུ་སླེབས་སྐབས། ཉི་ནུས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་1.1ཡན་ལོན་རྒྱུ་ཡིན་པའི་ནང་འོད་ཤུགས་གློག་གཏོང་འཕྲུལ་འཁོར་ནས་གློག་གཏོང་ཚད་ཆན་ཝ་དུང་ཕྱུར་1.05ཡན་ཟིན་རྒྱུ་ཡིན་པ་རེད།
             འཆར་འགོད་ནང་2020ལོར་སླེབས་སྐབས། ལོར་ཉི་ནུས་སྤྱོད་ཚད་ཚད་ལྡན་རྡོ་སོལ་ཏུན་དུང་ཕྱུར་1.4ཡན་ཟིན་རྒྱུ་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”རིང་ཉི་ནུས་འཕེལ་རྒྱས་ཀྱི་མ་གནས་དམིགས་ཚད་ནི་འོད་ཤུགས་གློག་གཏོང་མ་གནས་རྒྱུན་མཐུད་ངང་གཅོག་རྒྱུ་དེ་ཡིན། 2020ལོར་སླེབས་སྐབས། འོད་ཤུགས་གློག་གཏོང་གི་གློག་རིན་2015ལོའི་རྨང་གཞིའི་ཐོག་50%ཡན་ཆག་རྒྱུ་དང་། ཉི་ནུས་གློག་གཏོང་མ་གནས་ཆན་ཝ་ཆུ་ཚོད་རེར་སྒོར་0.8ལས་དམའ་རུ་འགྲོ་རྒྱུ། ཉི་ནུས་དྲོད་མཁོ་འདོན་དང་བཟོ་ལས་ཚ་དྲོད་མཁོ་འདོན་ལ་ཁྲོམ་རའི་འགྲན་རྩོད་ཆེན་པོ་ལྡན་པ་ཁ་གསལ་བཏོན་ཡོད།
           འཆར་འགོད་ནང“ལོ་ལྔ་ཚན་བཅུ་གསུམ་པའི”རིང་། “གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་བ་དང་། ཐོན་ལས་རིམ་སྤོར། མ་གནས་གཅོག་པ། ཁྲོམ་ར་རྒྱ་ཆེར་གཏོང་བ། མ་ལག་འཐུས་ཚང་དུ་གཏོང་བ”བཅས་ཀྱི་སྤྱིའི་བསམ་ཕྱོགས་གཞིར་བཟུང་། འོད་ཤུགས་གློག་གཏོང་གི་སྣ་མང་ཅན་བཀོལ་སྤྱོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་ཉི་ནུས་གློག་གཏོང་ཐོན་ལས་ཅན་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས་སྣ་མང་ཅན་གྱི་ཉི་ནུས་བེད་སྤྱོད་མགྱོགས་མྱུར་ཁྱབ་གདལ་གཏོང་རྒྱུ་ཡིན་ལུགས་བཏོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།