འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱི་གཏེར་འཚོལ་གྲུ་གཟིངས་ཐིག་དམར་མཚོ་ཁོངས་སུ་ཐོག་མར་བསྐྱོད་ནས་ས་ཡོམ་
    རྩད་ཞིབ་ལས་ཀ་སྤེལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་19ཉིན། 10:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
            མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་16ཉིན་གསར་འགོད་པར་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་སྤྱི་ཁྱབ་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཀྲུང་གོ་མཚོ་སྣུམ་ཁོངས་གཏོགས་ཀྱི་སྔོན་ཐོན་གཏེར་འཚོལ་གྲུ་གཟིངས་ཏེ“རྒྱ་མཚོའི་རྡོ་སྣུམ་720”རྟགས་ཅན་གྱིས་བྱང་སྣེའི་པ་ལུན་མཚོ་ལག་ཏུ་ས་ཡོམ་འཚོལ་བསྡུའི་ལས་སྒྲུབ་བྱས་རྗེས། མཚོ་ཐོག་ཏུ་ཉིན་18བསྐྱོད་དེ་མཐར་ཨ་ཧྥེ་རི་ཁའི་ཅ་ཧྥུང་རང་ཏེར་གྲུ་ཁར་འབྱོར་བ་དང་ཆབས་ཅིག“རྒྱ་མཚོའི་རྡོ་སྣུམ་721”རྟགས་ཅན་གྲུ་གཟིངས་དང་མཉམ་དུ་ཨ་ཧྥེ་རི་ཁའི་ནུབ་ཕྱོགས་ཀྱི་ཐིག་དམར་མཚོ་ཁོངས་ཀྱི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་1000ལྷག་ཙམ་གྱི་རྩ་གསུམ་ས་ཡོམ་ཁུལ་དུ་རྩད་ཞིབ་ལས་དོན་སྤེལ་བ་རེད།
            ད་རེས་ཀྱི་ལས་དོན་དེས་རང་རྒྱལ་གྱིས་ཐིག་དམར་མཚོ་ཁོངས་སུ་རྩ་གསུམ་ས་ཡོམ་རྩད་ཞིབ་བྱེད་པའི་སྟོང་ཆ་བསྐངས་བ་མ་ཟད། གྲང་ཤོས་དང་ཚ་ཤོས་གནས་ཚུལ་འོག་རྩེར་སོན་རྩ་གསུམ་ས་ཡོམ་འཚོལ་བསྡུའི་ལས་དོན་སྤེལ་བའི་ནུས་པ་རང་རྒྱལ་ལ་ལྡན་པ་མཚོན་གྱི་ཡོད་པ་རེད།
            ཉེ་བའི་ལོ་ཤས་རིང་། ཀྲུང་གོ་མཚོ་སྣུམ་གྱིས་སྒྲིག་ཆས་ཆེ་གྲས་ཟམ་མི་ཆད་པར་ལེགས་གཏོང་རིམ་སྤོར་བྱས་པ་དང་ལག་རྩལ་ཞིབ་འཇུག་གསར་སྤེལ་ཐད་མ་དངུལ་ཤུགས་ཆེན་བཏང་ནས་འཛམ་གླིང་ཐོག་རྩེར་སོན་ཆུ་གཏིང་སྒྲིག་ཆས་ལེགས་ཤོས་ཁག་གཅིག་བཟོས་པ་དང་འཛམ་གླིང་ཐོག་ལག་རྩལ་གྲུབ་འབྲས་ལེགས་ཤོས་ཁག་གཅིག་གསར་སྤེལ་བྱས་ནས་གོ་ལ་ཧྲིལ་པོའི་མཚོ་ཁོངས་ཁག་ཏུ་ཆུ་གཏིང་སྨི་3000སར་ཕྱོགས་ཐམས་ཅད་ཀྱི་རྩད་ཞིབ་དང་། གསར་སྤེལ། ཐོན་སྐྱེད་བཅས་ཀྱི་ལག་རྩལ་ཞབས་ཞུའི་ནུས་པ་མཁོ་འདོན་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།