འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱིས་2017ལོའི་གནམ་ལོ་གསར་
    ཚེས་དང་དཔྱིད་གསར་དུས་ཆེན་སྐབས་ཚོང་རར་མཁོ་འདོན་འགན་ལེན་དང་
    རིན་གོང་བརྟན་པོ་ཡོང་བར་བྱ་རྒྱུའི་ལས་དོན་བཀོད་སྒྲིག་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 14:25】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་12ཉིན་རྒྱལ་ཁབ་འཕེལ་རྒྱས་དང་བསྒྱུར་བཅོས་ཨུ་ལྷན་གྱིས་ཉེ་སྔོན་བརྡ་ཁྱབ་བཏང་སྟེ་ས་གནས་ཁག་གི་འཕེལ་རྒྱས་བསྒྱུར་བཅོས་དང་རིན་གོང་གཙོ་སྐྱོང་སྡེ་ཁག་གིས་2017ལོའི་གནམ་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་སྐབས་ཚོང་རར་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱ་རྒྱུའི་ལས་དོན་ལེགས་གཉེར་བྱས་ཏེ་ཚོང་ཟོག་གཙོ་བོའི་ཚོང་ར་དང་རིན་གོང་བརྟན་པོ་ཡོང་བར་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་སྲུང་བྱ་དགོས་པའི་བཀོད་སྒྲིག་བྱས་ཡོད་ཅེས་བརྗོད་པ་རེད།
         བརྡ་ཁྱབ་ནང་དུ་ཚོང་རའི་རིན་གོང་ལ་ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ནས་ཉེན་བརྡ་གཏོང་ཤུགས་ཆེ་རུ་གཏོང་དགོས་ཤིང་།  འབྲུ་རིགས་དང་། སྣུམ། ཤ། སྒོ་ང། འོ་མ། སྔོ་ཚལ། ཚྭ་སོགས་གྲོང་མིའི་འཚོ་བར་ངེས་མཁོའི་དངོས་རྫས་དང་། ལྷག་པར་དུ་གཞི་རྩའི་སྔོ་ཚལ་སྣ་ཚོགས་ཚོང་རར་མཁོ་འདོན་དང་རིན་གོང་འགྱུར་ལྡོག་བྱུང་ཚུལ་རྗེས་འདེད་དམ་པོ་བྱས་ནས་མགོ་འབུས་ཀྱི་རང་བཞིན་དང་། ཕྱོགས་ལྷུང་གི་རང་བཞིན། ལྐོག་གྱུར་གྱི་རང་བཞིན་བཅས་ཀྱི་གནད་དོན་གནས་པ་ཤེས་མ་ཐག་མྱུར་དུ་སྔོན་ཚུད་ཀྱི་ཉེན་བརྡ་གཏོང་དགོས་པ་དང་། ཞིང་ལས་ཐོན་རྫས་སོ་མ་དག་གི་ཐོན་སྐྱེད་འཁོར་རྒྱུག་ཐད་ལ་ཐོལ་བྱུང་གི་གནས་ཚུལ་བྱུང་ཚེ་དུས་དང་པོར་ཚོང་རའི་རིན་གོང་གི་འཕྲལ་བསྟུན་ལྟ་ཞིབ་ཚད་ལེན་བྱས་ནས་ཚོང་རའི་རིན་གོང་གི་གནས་ཚུལ་དུས་ཐོག་ཏུ་ཁོང་དུ་ཆུད་པར་བྱ་དགོས་པའི་བླང་བྱ་བཏོན་པ་རེད།
         བརྡ་ཁྱབ་ནང་དུ་“ཤ་ཚལ་སྒོང་གསུམ་”དང་ཚོང་ཟོག་མཁོ་འདོན་འགན་ལེན་དང་རིན་གོང་བརྟན་པོ་ཡོང་བར་བྱ་རྒྱུའི་ལས་དོན་སྒྲིག་འཛུགས་ཡག་པོ་བྱ་དགོས་ཤིང་། འབྲུ་རིགས་དང་། སྣུམ། ཚྭ་སོགས་ཀྱི་ཚོང་ཟོག་གཙོ་བོའི་ཚོང་རར་སྙོམས་སྒྲིག་ལས་ཀ་རུ་ངར་ཞིབ་ཚགས་སྤེལ་དགོས་པ་དང་། ཚོང་རའི་རིན་གོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་ཧུར་བརྩོན་བཏང་ནས་རིན་གོང་ལྟ་སྐུལ་དོ་དམ་ལས་སྟེགས་“12358”ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་རིན་གོང་ཐད་ཀྱི་ཐེར་འདོན་གོང་ཞུ་དུས་ཐོག་ཏུ་ཐག་གཅོད་འོས་འཚམས་བྱེད་པར་འགན་ལེན་ཏན་ཏིག་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་དགོས་པ། རིན་གོང་ཐད་ཀྱི་འཕྲལ་བསྟུན་སྙོམས་སྒྲིག་དང་ལྟ་སྐུལ་དོ་དམ་བྱེད་ནུས་སྔར་ལས་ཆེ་རུ་གཏོང་དགོས་པ། དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་མང་ཚོགས་ཀྱི་འཚོ་བར་འགན་སྲུང་ནུས་ལྡན་བྱ་དགོས་པ་བཅས་ནན་བཤད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།