འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དང་ཨ་རིས་དྲ་ཐོག་ཉེས་གསོག་ལ་རྡུང་རྡེག་དང་དེ་བཞིན་འབྲེལ་ཡོད་དོན་གནད་
    ཀྱི་རིམ་པ་མཐོ་བའི་མཉམ་འབྲེལ་གླེང་མོལ་ཐེངས་གསུམ་པ་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 09:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཀྲུང་གོ་དང་ཨ་རིས་དྲ་ཐོག་ཉེས་གསོག་ལ་རྡུང་རྡེག་དང་དེ་བཞིན་འབྲེལ་ཡོད་དོན་གནད་ཀྱི་རིམ་པ་མཐོ་བའི་མཉམ་འབྲེལ་གླེང་མོལ་ཐེངས་གསུམ་པ་དེ་ཝ་ཧྲིང་ཐོན་དུ་བྱས་ཤིང་། རྒྱལ་དོན་ཨུ་ཡོན་དང་སྤྱི་བདེ་པུའི་པུའུ་ཀྲང་ཀུའོ་ཧྲེང་ཁུན་གྱིས་ཨ་རིའི་ཁྲིམས་འཛིན་པུའི་པུའུ་ཀྲང་ལིན་ཆི་དང་རྒྱལ་ཁབ་ས་ཆ་བདེ་འཇགས་པུའི་པུའུ་ཀྲང་གཡོད་ཧན་ཤུན་གཉིས་དང་མཉམ་དུ་གཙོ་སྐྱོང་བྱས་པ་རེད། ཕྱོགས་གཉིས་པོས་གླེང་མོལ་ཐེངས་དང་པོ་བྱས་ཚུན་ཐོབ་པའི་གྲུབ་འབྲས་ལ་ཕྱིར་དྲན་བྱས་པ་དང་གླེང་མོལ་ལམ་སྲོལ་གྱི་གལ་ཆེའི་རང་བཞིན་དང་དགོས་ངེས་རང་བཞིན་ལ་ཁས་ལེན་གང་ལེགས་ཀྱིས་ཀྲུང་གོ་དང་ཨ་རིའི་དྲ་ཐོག་གི་བདེ་འཇགས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་མུ་མཐུད་གཏིང་ཟབ་ཏུ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གསར་པ་མང་པོ་གྲུབ་ཡོད་པ་རེད།
         ཀུའོ་ཧྲེང་ཁུན་གྱིས་མིག་སྔར་དྲ་བའི་བདེ་འཇགས་གཙོ་གནད་དུ་བྱས་པའི་ཀྲུང་གོ་དང་ཨ་རིའི་ཁྲིམས་འཛིན་བདེ་འཇགས་མཉམ་ལས་སྔ་འཛིན་ཕྱི་གཏོད་ཀྱི་འགག་རྩའི་དུས་སྐབས་སུ་གནས་ཡོད། ཕྱོགས་གཉིས་པོས་གླེང་མོལ་ལམ་སྲོལ་དེ་རྒྱལ་ཁབ་གཉིས་པོའི་དྲ་བའི་གནད་དོན་ཐད་འབྲེལ་མཐུད་དང་སྤེལ་རེས་བྱེད་པའི་ཐབས་ལམ་གཙོ་བོར་བྱས་ཏེ་མཉམ་ལས་ལ་དམིགས་པ་དང་མི་མཐུན་པའི་ཆ་དོ་དམ་ཚོད་འཛིན་བྱས་ཏེ་རང་ངོས་ཀྱི་དོ་ཁུར་དུས་ཐོག་ཏུ་ནུས་ལྡན་ངང་མཚོན་པ་བྱས་པས་གདོང་ཐུག་དང་འགྲན་རྩོད་མི་ཐོན་པ་དང་། ཕན་ཚུན་བརྩི་འཇོག མཉམ་ལས་གཉིས་ཕན་བཅས་བྱུང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ཀྱི་ད་ལྟའི་སྲིད་གཞུང་གི་ཚོགས་པ་དང་སྲིད་གཞུང་གསར་པའི་ཚོགས་པ་དང་མཉམ་དུ་མུ་མཐུད་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་པོའི་དྲ་ཐོག་བདེ་འཇགས་མཉམ་ལས་ཐད་ཀྱི་འགོ་འཛུགས་ས་གསར་པའི་ཐོག་འཕེལ་རྒྱས་དེ་བས་ཆེ་བ་ཐོབ་རྒྱུར་སྐུལ་མ་བཏང་ནས་ཀྲུང་གོ་དང་ཨ་རིའི་དབར་གྱི་རྒྱལ་ཁབ་ཆེན་པོའི་འབྲེལ་བ་གསར་པ་གཏོད་རྒྱུར་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་ཅེས་བཤད་པ་རེད།
         ལིན་ཆི་དང་གཡོད་ཧན་ཤུན་གཉིས་པོས་ཨ་རི་དང་ཀྲུང་གོ་རྒྱལ་ཁབ་གཉིས་པོར་དྲ་ཐོག་ཉེས་གསོག་ལ་རྡུང་རྡེག་གཏོང་བ་དང་དྲ་ཐོག་བདེ་འཇགས་ཁྱབ་ཁོངས་ལ་སྲུང་སྐྱོང་བྱེད་པའི་ཐད་ཐུན་མོང་གི་ཁེ་ཕན་ལྡན་ཡོད། རིམ་པ་མཐོ་བའི་གླེང་མོལ་ལམ་སྲོལ་དེ་ཨ་རི་དང་ཀྲུང་གོའི་མཉམ་ལས་ཀྱི་བཀྲག་མདངས་འཚེར་ས་ཆེ་ཤོས་ལ་བརྩིས་ནས་རྒྱལ་ཁབ་གཉིས་པོའི་དྲ་བའི་བདེ་འཇགས་སྲུང་སྐྱོང་དང་དེ་བཞིན་དྲ་བའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཐད་ནུས་པ་གལ་ཆེན་བཏོན་ཡོད་ལ། ཕྱོགས་གཉིས་པོའི་ཁྲིམས་འཛིན་སྡེ་ཚན་གྱིས་བསམ་པ་རྣམ་དག་གི་སྤེལ་རེས་དང་ཕན་ཚུན་ཡིད་ཆེས་ཆེ་རུ་གཏོང་རྒྱུའི་ཐད་སྟེགས་བུ་གལ་ཆེན་མཁོ་འདོན་བྱས་ཡོད་ཅེས་བཤད།
         ཀྲུང་གོ་དང་ཨ་རི་ཕྱོགས་གཉིས་པོས་ད་རེས་ཀྱི་གླེང་མོལ་ཁྲོད་དྲ་ཐོག་ཉེས་གསོག་ལ་རྡུང་རྡེག་དང་། དྲ་ཐོག་གི་བདེ་འཇགས་མཉམ་ལས། ཐད་སྦྲེལ་ཁ་པར་གྱི་འབྲེལ་གཏུག་ལམ་སྲོལ། དྲ་ཐོག་གི་འཇིགས་རྒོལ་མཉམ་ལས། གསང་འཕྲིན་མཉམ་སྤྱོད་སོགས་ལ་སྐུལ་མ་གཏོང་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་རྒྱ་ཁྱབ་ངང་གྲུབ་ནས་དགེ་མཚན་ལྡན་པའི་ཕན་འབྲས་ཐོན་ཏེ་རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་གྲུབ་པའི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཐད་འཕེལ་རིམ་ཆེན་པོ་ཐོབ་ཡོད། ཕྱོགས་གཉིས་པོས་2017ལོར་ཀྲུང་གོར་གླེང་མོལ་ཐེངས་བཞི་པ་བྱ་རྒྱུའི་གྲོས་འགོ་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།