འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ལྷ་སའི“ཡོད་པ་གསུམ”གྱི་གྲོང་ཚོའི་རྣམ་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 10:11】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།བོད་ལྗོངས་ལྷ་སའི“ཡོད་པ་གསུམ”གྱི་གྲོང་ཚོའི་རྣམ་པ།
         མི་དམངས་དྲ་བའི་འཕྲིན། “ཡོད་པ་གསུམ”གྱི་གྲོང་ཚོ་ནི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཆུ་ཤུར་རྫོང་གི་མེ་འཁོར་བབས་ཚུགས་ཀྱི་ཉེ་འགྲམ་དུ་གནས་པ་དང་ཡུལ་གཞན་དུ་དབུལ་སྐྱོར་གནས་སྤོ་བྱེད་པའི་གྲོང་ཚོ་གསར་པ་ཞིག་ཡིན་པ་དེར་ཆུ་དང་། གློག འགྲོ་ལམ། འཕྲིན་གཏོང་། བུ་བཅོལ་ཁང་། ཚོང་ཁང་སོགས་སྤྱི་པའི་སྒྲིག་བཀོད་ཆ་ཚང་བསྐྲུན་ཡོད་པ་མ་ཟད། ཐོན་ལས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་བ་དང་བོད་བྱ་དང་བཞོན་མ་གསོ་ཚགས་དང་། སྨན་རྒྱུ་དང་། གཟན་རྩྭ། ལོ་ཏོག་བཅས་འདེབས་འཛུགས་སོགས་ཀྱི་རྣམ་གྲངས་དོན་འཁྱོལ་བྱས་ཡོད། མི་དམངས་ཀྱི་འདུན་པ། སྲིད་སྐྱོང་གི་ཁ་ཕྱོགས། “ལོ་ལྔ་ཚན་བཅུ་གསུམ་པའི”འཆར་འགོད་ཀྱི་འགོ་ཚུགས་ལོར་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དམངས་འཚོའི་བྱ་ཐབས་གསར་པ་རྒྱུན་ཆད་མེད་པར་བཏོན་པ་དང་དམངས་འཚོའི་སྲིད་ཇུས་རབ་དང་རིམ་པ་སྔ་རྗེས་སུ་ལག་བསྟར་བྱེད་འགོ་ཚུགས་ནས་དམངས་འཚོ་ལེགས་སུ་གཏོང་བའི་ཐད་ཕན་འབྲས་ཏན་ཏིག་ཐོན་ཡོད་ཅིང་། འདི་ནི“ཡོད་པ་གསུམ”གྱི་གྲོང་ཚོའི་རྣམ་པ་ཡིན་པ།
      

    ཕྱོགས་བསྡུས་གསར་འགྱུར།