འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།“གློག་ཤུགས་མཁའ་ལམ”བདེ་འཇགས་བརྟན་ལྷིང་ངང་འཁོར་སྐྱོད་བྱས་ནས་ལོ་5སོང་བ།

    རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་45ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་13ཉིན། 10:02】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་9ཉིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཚེས་9ཉིན་བར“གློག་ཤུགས་མཁའ་ལམ”མཚོ་བོད་དྲ་སྦྲེལ་འདུ་འགོད་བདེ་འཇགས་ངང་འཁོར་སྐྱོད་བྱས་ནས་ལོ་5འཁོར་བ་དང་། རིམ་རྩིས་བྱས་ན་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་45ལྷག་ཙམ་ཟིན་ཞིང་། དེའི་ནང་བོད་ལ་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་35ལྷག་ཙམ་ཟིན་པ་དང་། ཆུ་དང་གློག་སོགས་དྭངས་གཙང་ནུས་རྒྱུའི་(མཚོ་སྔོན་)གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་10ལས་བརྒལ་བས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་མགྱོགས་མྱུར་འཕེལ་རྒྱས་དང་རང་རྒྱལ་གྱི་ནུས་རྒྱུའི་གྲུབ་ཆ་ལེགས་སུ་དང་བཟང་སྒྲིག་ཐུབ་རྒྱུར་སྐུལ་འདེད་ཐུབ་ཡོད་པ་རེད།
         “གློག་ཤུགས་མཁའ་ལམ”ཞེས་གྲགས་པའི་མཚོ་བོད་སྤེལ་རྒྱུག་ཐད་རྒྱུག་གློག་ཤུགས་དྲ་རྒྱའི་འདུ་འགོད་དེ་ཤར་མཚོ་སྔོན་ཟི་ལིང་ནས་ནུབ་བོད་ལྗོངས་ལྷ་ས་བར་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྟོང་སྨི་2530ཡོད་པ་དང་། འདུ་འགོད་ཀྱི་ཆ་སྙོམས་ས་བབ་སྨི་4500ཡིན་པ། ས་བབ་མཐོ་ཤོས་སྨི་5000ཡིན་པས་དེ་མིག་སྔའི་ས་བབ་མཐོ་ཤོས་ཀྱི་ཐད་རྒྱུག་གློག་གཏོང་འདུ་འགོད་ཅིག་རེད། འདུ་འགོད་དེ་2011ལོའི་ཟླ་12ནས་འཁོར་སྐྱོད་བྱེད་འགོ་ཚུགས་རྗེས་བོད་ལྗོངས་གློག་དྲའི་དྲ་རྒྱ་ཁེར་རྐྱང་འཁོར་སྐྱོད་ཀྱི་ལོ་རྒྱུས་མཇུག་འགྲིལ་ནས་བོད་ཀྱི་དགུན་དུས་གློག་ཤུགས་མཁོ་འདོན་ཛ་དྲག་པའི་གནད་དོན་ཐག་གཅོད་ཐུབ་པ་རེད།
         རྒྱལ་ཁབ་གློག་དྲ་བོད་ལྗོངས་གློག་ཤུགས་ཚད་ཡོད་ཀུང་སིའི་ཏུང་ཧྲེ་ཀྲང་ལིའུ་ཞའོ་མིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། འདུ་འགོད་འཁོར་སྐྱོད་བྱས་ནས་ལོ་ལྔའི་རིང་། རིམ་རྩིས་བྱས་ན་བོད་ལ་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་35ལྷག་ཙམ་ཟིན་ནས་ཚད་ལྡན་རྡོ་སོལ་ཏུན་ཁྲི་43ལྷག་ཙམ་གྲོན་ཆུང་ཐུབ་པ་དང་། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་345ཉུང་དུ་ཕྱིན་པ། རིམ་རྩིས་བྱས་ན་ཕྱིར་གློག་གཏོང་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་10ལས་བརྒལ་བ་ཚང་མ་ཆུ་དང་། གློག འོད་ཤུགས་སོགས་དྭངས་གཙང་ནུས་རྒྱུར་བརྟེན་ནས་གློག་གཏོང་གི་ཡོད་པས་བོད་ཀྱི་གློག་ཤུགས་ནུས་རྒྱུ་དྭངས་གཙང་ཅན་དུ་བསྒྱུར་རྒྱུར་སྐུལ་འདེད་ཏན་ཏིག་ཐུབ་པ་དང་། ནུས་རྒྱུའི་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལེགས་ཆར་བསྒྱུར་ཐུབ་པ་བྱུང་ཡོད།
         ཆུ་འབེལ་བའི་དུས“བོད་གློག་ཕྱིར་འདྲེན”དང་ཆུ་དཀོན་པའི་དུས“བོད་དུ་གློག་འདྲེན”པ་ནི་མཚོ་བོད་དྲ་རྒྱའི་འདུ་འགོད་ཀྱི་དམིགས་བསལ་ཁྱད་ཆོས་ཤིག་རེད། “ལོ་ལྔ་ཚན་བཅུ་གསུམ་པའི”དུས་མཇུག་ཏུ་སླེབས་སྐབས། དབྱར་དུས་ཆུ་འབེལ་བའི་དུས་ཀྱི་བོད་གློག་ནུབ་བྱང་རྒྱུད་དུ་འདྲེན་པའི་གློག་ཤུགས་ཆན་ཝ་ཁྲི་120ཙམ་ཟིན་གྱི་ཡོད་པ་དང་ལོར་གློག་ཕྱིར་གཏོང་བྱེད་ཚད་ཆུ་ཚོད་རེར་ཆན་ཝ་དུང་ཕྱུར་34ཙམ་ཟིན་པ། དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་338.98ཉུང་དུ་ཕྱིན་པ་བཅས་ཀྱིས་རྒྱལ་ཡོངས་ཀྱི་ནུས་རྒྱུའི་གྲུབ་ཆ་བཟང་སྒྲིག་དང་མཁའ་རླུང་སྦགས་བཙོག་འགོག་བཅོས་ཐད་དགེ་མཚན་ལྡན་པའི་ལེགས་སྐྱེས་འབུལ་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།